《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

2020ལོའི་དམངས་འཚོའི་ལས་དོན་གསལ་འགྲེལ།③

“སྤྱི་ཚོགས་རོགས་སྐྱོབ”

གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་དང་དམིགས་བསལ་ཚོགས་སྤྱིའི་འཚོ་སྐྱོང་དང་འགན་ལེན་ཞབས་ཞུར་དོ་ཁུར་བྱ་རྒྱུ་ཡིན་པ།

● དམངས་སྲིད་པུས་2020ལོར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞིར་སླེབས་པའམ་ཡང་ན་དབུལ་སྐྱོར་ཚད་གཞི་ལས་མཐོ་བ་སྒུལ་རྣམ་རྒྱུན་འཁྱོངས་བྱས་ནས་ཆ་རྐྱེན་དང་འཚམ་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་སོགས་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་འགན་ལེན་ཁྱབ་ཁོངས་ནང་འཇུག་རྒྱུ་རེད། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། དྭ་ཕྲུག འཚོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ནས་འབྲེལ་ཡོད་ཀྱི་འཚོ་སྐྱོང་དང་འགན་ལེན་ཞབས་ཞུའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འཚོ་སྐྱོང་བྱེད་དགོས་རིགས་འཚོ་སྐྱོང་བྱ་རྒྱུ་རེད། འཚོ་བར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་ཁ་གསབ་གཉིས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁ་གསབ་སྤྲོད་དགོས་རིགས་ལ་ཁ་གསབ་སྤྲོད་རྒྱུ་རེད། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་། གཞིས་སྲུང་བུད་མེད། གཞིས་སྲུང་རྒན་རྒོན་བཅས་ལ་གཅེས་སྐྱོང་ཞབས་ཞུའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་བྱ་རྒྱུ་རེད། འབྲེལ་ཡོད་དམངས་སྲིད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བ་དང་བཟོ་བཅོས་བྱས་ནས། སྤྱི་ཚོགས་རོགས་སྐྱོབ་དང་དམིགས་བསལ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་ཁ་གསབ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད་ཅེས་བསྟན་པ་རེད།

“སྡོད་ཁང་འགན་ལེན”

བོགས་གཏོང་གཞུང་ཁང་སྔར་བས་ཚད་ལྡན་དང་འཕེལ་རྒྱས་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཡག་པོ་བྱ་རྒྱུ་ཡིན་པ།

● སྡོད་ཁང་འཛུགས་སྐྲུན་པུས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་འགན་ལེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་བོགས་གཏོང་གཞུང་ཁང་པ་སྔར་བས་ཚད་ལྡན་དང་འཕེལ་རྒྱས་བཏང་ནས་ཁོར་ཡུག་འཕྲོད་བསྟེན་དང་སྤྱི་པའི་འགྲིམ་འགྲུལ་སོགས་ལས་རིགས་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གནད་སྨིན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། གྲོང་མི་གསར་པ་སོགས་ཚོགས་སྤྱིའི་སྡོད་ཁང་གི་གནད་དོན་ཐག་གཅོད་ཐད་བོགས་གཏོང་ཁང་པ་མང་དུ་གཏོང་རྒྱུ་རེད། སྒྲིག་གཞི་ཅན་དང་གཞི་ཁྱོན་ཅན་གྱི་བོགས་གཏོང་ཁེ་ལས་སྔར་བས་སྐྱེད་སྲིང་བྱས་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་སྡོད་ཁང་གི་བོགས་མ་གཏོང་ལེན་གྱི་དོ་དམ་ཞབས་ཞུའི་ལས་སྟེགས་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། སྲིད་ཇུས་རང་བཞིན་གྱི་བོགས་གཏོང་ཁང་པ་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་དང་སྲིད་ཇུས་རང་བཞིན་གྱི་བོགས་གཏོང་ཁང་པའི་ཚད་ལྡན་ཚད་གཞི་དང་གཉེར་སྐྱོང་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ་རེད། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་རྒྱབ་སྐྱོར་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད་ཅེས་བསྟན་པ་རེད།

“འགྲིམ་འགྲུལ་སྐྱེལ་འདྲེན”

འགྲིམ་འགྲུལ་གྱི་གཱ་གཅིག་ཀུན་འཐུས་རྒྱལ་ཡོངས་སུ་ཡོངས་ཁྱབ་ངང་སྤྱོད་རྒྱུར་སྐུལ་འདེད་བཏང་ནས་ETCཡི་ཞབས་ཞུའི་ནུས་པ་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ།

● འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཞིང་ཆེན་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་དེ་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔྱད་ཞིབ་དམིགས་ཚད་མ་ལག་ནང་བཅུག་ནས་འདི་ལོའི་ཟླ་9པའི་ཟླ་མཇུག་གོང་ཆ་རྐྱེན་དང་འཚམ་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད། འགྲིམ་འགྲུལ་གྱི་གཱ་གཅིག་ཀུན་འཐུས་རྒྱལ་ཡོངས་སུ་ཡོངས་ཁྱབ་དང་སྟབས་བདེའི་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད། ETCཡི་ཞབས་ཞུའི་ནུས་པ་དང་བེད་སྤྱོད་བྱེད་སྟངས་མགྱོགས་མྱུར་རྒྱ་སྐྱེད་བཏང་ནས་གནམ་ཐང་དང་། མེ་འཁོར་བབས་ཚུགས། འགྲུལ་སྐྱེལ་ས་ཚིགས། གྲུ་ཁ་སོགས་འགྲིམ་འགྲུལ་ས་ཚིགས་ཆེ་གྲས་ཀྱི་འཁོར་རིགས་འཇོག་སའི་ETCཞབས་ཞུ་མངོན་འགྱུར་བྱ་རྒྱུ་རེད།

“ཕག་ཤ་མཁོ་སྤྲོད”

ལོ་མཇུག་གོང་ཕག་ཤའི་ཐོན་ནུས་སྤྱིར་ན་རྒྱུན་གཏན་གྱི་ ཚད་གཞིར་སླར་གསོ་བྱ་རྒྱུ་ཡིན་པ།

● ཕག་ཤ་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་མང་ཚོགས་ཀྱི་གསོལ་ལྕོག་དང་ཐད་ཀར་འབྲེལ་བ་ཡོད། ཞིང་ལས་གྲོང་གསེབ་པུས་ཕག་ཤ་ཐོན་སྐྱེད་དང་སླར་གསོ་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་བཀྲམ་ནས་ཕག་ཤ་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་ཞིང་ལས་ལས་དོན་གྱི་གཙོ་གནད་ལས་འགན་ལ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ་2020ལོའི་ལོ་མཇུག་གོང་ཐོན་ནུས་སྤྱིར་ན་རྒྱུན་གཏན་གྱི་ཚད་གཞིར་སླེབས་པ་བྱ་རྒྱུ་རེད།

“འཛད་སྤྱོད”

རླངས་འཁོར་འཛད་སྤྱོད་ལེགས་སྒྲིག་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

● ཚོང་དོན་པུས་2020ལོར་འཛད་སྤྱོད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་གྱི་འཛད་སྤྱོད་མཐོ་རུ་བཏང་ནས་རྐང་ཐང་ཁྲོམ་གཞུང་གི་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་རྒྱ་ཆེར་བཏང་ནས་དྲ་ཐོག་ཚོང་ཁང་གྲོང་གསེབ་ཏུ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འདྲེན་སྡེབ་སྐྱེལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། རླངས་འཁོར་ལས་རིགས་ཀྱི་ཁྱབ་ཁོངས་སུ་རླངས་འཁོར་འཁོར་རྒྱུག་གི་སྦྲེལ་ཐག་ཧྲིལ་པོ་ནས་འགོ་བཙུགས་ཏེ་རླངས་འཁོར་འཛད་སྤྱོད་ཀྱི་ལེགས་སྒྲིག་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་རེད། ཉིས་བརྒྱུད་རླངས་འཁོར་ཐད《ཉིས་བརྒྱུད་རླངས་འཁོར་གྱི་འཁོར་རྒྱུག་དོ་དམ་བྱ་ཐབས》དུས་ཚོད་དམ་འཛིན་ངང་བཟོ་བཅོས་རྒྱག་རྒྱུ་རེད། བེད་མེད་ཟུར་འཇོག་གི་འཕྲུལ་སྒུལ་འཁོར་རིགས་ཐད་བེད་མེད་ཟུར་འཇོག་གི་འཕྲུལ་སྒུལ་འཁོར་རིགས་ཚུར་བསྡུ་དོ་དམ་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ་དུས་ཚོད་དམ་འཛིན་གྱིས་འདོན་རྒྱུ་རེད།

“འཕྲལ་སྡོམ”

ཚེ་སྲོག་གི་བགྲོད་ལམ་ཤར་བགྲོད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་རིམ་པ་མཐོ་བའི་ཨར་སྐྲུན་བདེ་འཇགས་མཐོར་གཏོང་གི་བྱ་སྤྱོད་འཆར་གཞི་བཟོ་རྒྱུ་ཡིན་པ།

● འཕྲལ་སྡོམ་དོ་དམ་པུས་ཉེན་ཆེའི་རྫས་འགྱུར་དངོས་པོ་དང་། རྡོ་སོལ་དང་གཏེར་ཁ། རྡོ་སོལ་མེད་པའི་གཏེར་རི། མེ་ཟོན་སོགས་ལས་རིགས་ཁྱབ་ཁོངས་སུ་གཙོ་གནད་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཆེའི་རྫས་འགྱུར་དངོས་པོའི་ངོ་བོའི་བདེ་འཇགས་ཀྱི་ལོ་གསུམ་གྱི་མཐོར་གཏོང་བྱ་སྤྱོད་དང་། རྡོ་སོལ་དང་གཏེར་ཁའི་ཁེ་ལས་ཀྱི“ཤར་བགྲོད་གཅིག་དང་འགོག་ཟོན་གསུམ”གཙོ་གནད་དུ་བྱས་པའི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར། ཚེ་སྲོག་བགྲོད་ལམ་ཤར་བགྲོད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་རིམ་པ་མཐོ་བའི་ཨར་སྐྲུན་བདེ་འཇགས་མཐོར་གཏོང་བྱ་སྤྱོད་འཆར་གཞི་དང་། དེ་བཞིན་བཟོ་ལས་དང་ཚོང་དོན་ཁེ་ལས་ཀྱི་བཙོག་ཆུ་གཙང་བསིང་སྒྲིག་བཀོད་དང་ཐལ་རྡུལ་དང་འབར་གས་སྔོན་འགོག་ཆེད་དོན་བཅོས་སྒྲིག འཛུགས་སྐྲུན་ཨར་ལས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་བཅོས་སྒྲིག་བཅས་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ཤོག་སྦག་ཚོན་ཁྲ་ཅན་དང་། སྣུམ་རླངས་སྐྱེལ་འདྲེན་མདོང་ལམ། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་འགྲིམ་འགྲུལ་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་རེད་ཅེས་བསྟན་པ་རེད།