《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

༄༅ ཏོག་དབྱིབས་ནད་དུག་ལ་མཆིལ་མ་ཚ་བེར་བ་ཞིག་བོར་།

ཁུག་རྟ།

—༡—

མཚམས་འདིར། རླུང་ཡན་ངེས་མེད་དུ་ལྡང་ཞིང་སྐྱེ་བོའི་སེམས་པ་རླབས་བཞིན་གཡོ།

མཚམས་འདིར། གོས་དཀར་ལྷབ་ལྷུབ་ཏུ་གཡོ་ཞིང་བརྩེ་བ་ལྷོག་ལྷོག་ཏུ་འབར།

ལོ་འདིར། ལོ་རྒྱུས་ཀྱི་ཟིན་ཐོར་མ་འཁོད་པའི་གདོན་འདྲེ་ཧད་ཀྱིས་བཅར།

ལོ་འདིར། གཉོམ་དུང་དུང་གི་ཚེ་སྲོག་དུ་མ་གདོན་འདྲེའི་མཆེ་བའི་བར་དུ་ཚུད།

—༢—

ཏོག་དབྱིབས་ནད་དུག

ཡུལ་གྱི་གཤེད་མ། བྱུར་གྱི་སྣ་འདྲེན།

སྙིང་རྗེ་མེད་པའི་གཤོག་ལྕག་དྲག་པོ་མི་ཡུལ་དུ་རྡེག

མིག་ཆུས་བྲིས་པའི་གཏམ་རྒྱུད་ནག་པོ་ལོ་རྒྱུས་ཀྱི་པང་དུ་སྦས།

ཡིན་ནའང་། མི་ཡུལ་ནི་བརྩེ་བས་བཞེངས་པའི་མཁར་རྫོང་ཞིག

མི་སེམས་ནི་སྙིང་རྗེ་རྡོག་ཏུ་སྒྲིལ་བའི་གྲུ་གུ་ཞིག

ཁྱོད་ཇི་ལྟར་ཚེར་མ་བཞིན་མི་ཡུལ་དུ་ཤོར་ཡང་།

མི་ཡུལ་གྱི་མཁར་རྫོང་ནམ་ཡང་འགྱེལ་མི་སྲིད།

མི་སེམས་ཀྱི་གྲུ་གུ་ནམ་ཡང་འཐོར་མི་སྲིད།

ལྟོས་ཤིག ལྟོས་ཤིག

—༣—

གོས་དཀར་ལྷ་རྗེ། སེམས་ཀྱི་ཉི་ཟླ།

དྲོ་སོབ་སོབ་ཀྱི་རང་ཁྱིམ་རིང་དུ་བསྐྱུར།

སེམས་དུང་དུང་གི་ནང་མི་གདུང་བས་གྱེས།

ནད་དུག་གིས་ནམ་མཁའ་སྦགས་པའི་འཇིག་རྟེན་དེ་རུ།

རང་གི་ཚེ་སྲོག་འབེན་དུ་བཙུགས་ནས་གཡུལ་སར་ཞུགས།

འཇིགས་སྐྲག་དང་ངལ་བ་ཡོད་ཚད་སེམས་ཀྱིས་མིད།

རྔུལ་ཆུ་དང་མིག་ཆུ་ཡོད་ཚད་སྙིང་སྟོབས་སུ་བསྒྱུར།

ཉག་ཕྲ་བའི་རང་གི་ཚེ་སྲོག་གི་དབུགས་རྒྱུན་རེ་རེས།

མི་སྲོག་སྐྱོབ་པའི་རྣམ་ཐར་རེ་རེ་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད།

དཔའ་བོའི་རང་སྒྲ་སྒུལ་ཤུགས་ཀྱི་དབྱངས་རྟ་རུ་འདྲེན་དུས།

ཏོག་དབྱིབས་ནད་དུག

ང་ཚོ་ཁྱོད་ལ་སྐྲག་དོན་ཅི།

ཁྱོད་སྔ་ཙམ་མི་ཡུལ་ནས་ཡལ་ན་དགའ།

ཏོག་དབྱིབས་ནད་དུག

ཡུལ་གྱི་གཤེད་མ། བྱུར་གྱི་སྣ་འདྲེན།

ཁྱོད་ཇི་ལྟར་ཚེར་མ་བཞིན་མི་ཡུལ་དུ་ཤོར་ཡང་།

མི་ཡུལ་གྱི་མཁར་རྫོང་ནམ་ཡང་འགྱེལ་མི་སྲིད།

མི་སེམས་ཀྱི་གྲུ་གུ་ནམ་ཡང་འཐོར་མི་སྲིད།

ལྟོས་ཤིག ལྟོས་ཤིག

—༤—

ཀྲུང་ཧྭ་ཡི་འགོ་དམངས། སེམས་ཀྱི་ཉི་ཟླ།

དཔོན་ཉམས་དང་སྒེར་འཛིན་མེད་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད།

བག་འཁུམས་དང་དངངས་འདར་མེད་པའི་གསར་བརྗེའི་དཔོན་དམག

ནད་དུག་གི་རྡུལ་ཟེགས་འཕྱུར་བའི་འཇིག་རྟེན་འདི་རུ།

བཀོད་འདོམས་དང་གདོང་མཆོངས་ཀྱི་ང་རོས་གནམ་ས་གཡོས་ཤིང་།

ནད་དུག་གི་སྙིང་རྩ་དྲུངས་ནས་འབྱིན་པའི་གཡུལ་ས་བརྒལ་དུས།

ཏོག་དབྱིབས་ནད་དུག

ང་ཚོ་ཁྱོད་ལ་སྐྲག་དོན་ཅི།

ཁྱོད་སྔ་ཙམ་མི་ཡུལ་ནས་ཡལ་ན་དགའ།

ཏོག་དབྱིབས་ནད་དུག

ཡུལ་གྱི་གཤེད་མ། བྱུར་གྱི་སྣ་འདྲེན།

ཁྱོད་ཇི་ལྟར་ཚེར་མ་བཞིན་མི་ཡུལ་དུ་ཤོར་ཡང་།

མི་ཡུལ་གྱི་མཁར་རྫོང་ནམ་ཡང་འགྱེལ་མི་སྲིད།

མི་སེམས་ཀྱི་གྲུ་གུ་ནམ་ཡང་འཐོར་མི་སྲིད།