《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

རེ་བ།

མི་ཡུལ་གྱི་བརྩེ་བ་ལ་མུ་མཐའ་མེད་པས།

སང་ཉིན་ནི་རེ་བས་ཁེངས་པའི་ཉིན་མོ་ཞིག་ཅི་ལ་མིན།

སྲིད་ཇུས་བཟང་པོའི་འོད་ཟེར་ལ་ཕྱོགས་རིས་མེད་པས།

སང་ཉིན་ནི་དྲོ་སྐྱིད་ལྡན་པའི་ཉིན་མོ་ཞིག་ཅི་ལ་མིན།

སྨན་བཅོས་འཕྲོད་བསྟེན་གྱི་ལག་རྩལ་གཡུར་དུ་ཟ་བས།

སང་ཉིན་ནི་གཏམ་བཟང་གིས་ཁེངས་པའི་ཉིན་མོ་ཞིག་ཅི་ལ་མིན།

ཕྱར་བ་གྲུ་འདེགས་ཀྱི་སྟོབས་ཤུགས་ལ་ཟད་མཐའ་མེད་པས།

སང་ཉིན་ནི་རྒྱལ་ཁའི་གླུ་དབྱངས་ལེན་པའི་ཉིན་མོ་ཞིག་ཅི་ལ་མིན།

མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་པས།

སང་ཉིན་ནི་འབྲས་བུའི་ཁུར་གྱིས་ལྗིད་པའི་ཉིན་མོ་ཞིག་ཅི་ལ་མིན།