《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

༄༅། །ནད་འགོག་བསླབ་བྱ། ཀ་བཤད་གང་ཤར་མ།

ཀྭ་ཡེ་གསོན་དང་རྒྱ་ཆེའི་མང་ཚོགས་ཚོ། །

ཁ་རས་རྒྱག་རྒྱུ་ལག་པ་བཀྲུ་རྒྱུ་དང། །

ག་སར་མི་འགྲོ་ནང་དུ་སྡོད་རྒྱུ་སོགས། །

ང་ཅག་རིམས་ནད་འགོག་པའི་ཐབས་བཟང་ཡིན། །

ཅ་ཅོའི་དཀྲོག་གཏམ་མི་ཉན་མི་སྒྲོག་ལ། །

ཆ་མེད་རྒྱུས་མེད་ལྟོ་ཆས་མི་ཟ་བ། །

ཇ་ཆང་སྐྱེལ་རེས་མགྲོན་པོ་འབོད་རེས་སོགས། །

ཉ་ཉོག་ཟང་ཟིང་བྱེད་སྒོ་ཡོད་ཚད་སྤོངས། །

ལྟ་བ་འཁྲུལ་བའི་དོན་མེད་འཇིགས་སྣང་གཅིག །

ཐ་ཤལ་ཁྲམ་པའི་དཀྲོག་གཏམ་ཉན་པ་གཉིས། །

ད་དུང་ཅ་དངོས་ཉོ་བར་ཧབ་ཐོབ་སོགས། །

ན་གཞོན་ཀྲོག་ཀྲོག་བློ་ཆུང་བྱིས་པའི་གར། །

པ་ཊའི་ཁང་བཟང་རླུང་འགྲོ་ཡངས་པོར་ཕྱེ། །

ཕ་མ་ཉེ་དུར་ནད་འགོག་རྒྱུན་ཤེས་སློབ། །

བ་ར་ལུག་ར་ཁང་པའི་མདོ་སྦུག་སོགས། །

མ་ལུས་ཀུན་ལ་དུག་སེལ་གཙང་སྦྲ་མཛོད། །

རྩ་བའི་ནད་རྟགས་གཤམ་གསལ་འདི་དག་སྟེ། །

ཚ་བ་རྒྱས་ཤིང་སྐམ་གློ་རྒྱག་པ་དང་། །

ཛ་དྲག་དབུགས་ཀྱི་འབྱིན་རྔུབ་དཀའ་བ་དང་། །

ཝ་མོ་བརྒྱལ་བཞིན་ལུས་ཤུགས་ཉམས་པ་བཅས། །

མངོན་གསལ་མེད་ན་དངངས་སྐྲག་གནང་མི་དགོས། །

ཞྭ་གོས་དྲོ་བཅོས་ཆམ་རིམས་སྔོན་འགོག་དང་། །

ཟ་མ་ཚོས་པོ་བཙོས་ནས་བཞེས་པ་དང་། །

འ་ཀག་སྣབས་ལུད་གང་སར་མི་གཡུགས་པར། །

ཡ་མེད་ནད་དང་རྒྱང་ཐག་བཅད་ན་ལེགས། །

ར་གན་གསེར་བརྫུས་སྨན་རྫས་རྫུས་མར་དོགས། །

ལ་ཀླུང་བརྒལ་བའི་ཕྱི་ཡི་མགྲོན་པོར་གཟབ། །

ཤ་རུས་ན་ན་སྨན་དང་སྨན་པ་བསྟེན། །

སྭཱ་ཧཱ་མཐུ་སྔགས་སོགས་ལ་ཡིད་མ་ཆེས། །

ཧ་སོང་ཚ་བའི་འགོག་བཅོས་ཡ་མ་གཟུགས། །

ཨ་གསར་སྐད་འཕྲིན་བརྒྱུད་ནས་གཏོང་བཞིན་པ། །

ཧ་ཅང་བསམ་བློ་ཞིབ་ཕྲ་བཏང་བྱས་ཏེ། །

ཨ་མའི་ཨོ་ལོས་ཡིན་མིན་དབྱེ་འབྱེད་མཛོད། །

ཧ་ཅང་དྲིན་ཆེན་གཙོ་འཛིན་བཀའ་སློབ་ལྟར། །

ཧ་ལས་སྟོབས་ལྡན་མེས་རྒྱལ་མི་དམངས་རྣམས། །

ཨ་རོགས་མཐུན་སྒྲིལ་ནད་འགོག་བྱས་འགྱུར་ན། །

ཨ་ཧོ་ཉི་མ་སྤྲིན་བྲལ་ཐག་མི་རིང་། །

(བསྟན་ཆོས་ཀྱི་ཀ་བཤད་ལ་བཟོ་བཅོས་ཅུང་བྱས་ནས་སྤེལ་བའོ)