《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

ཕུར་བུ་བཀྲ་ཤིས་ཁྱིམ་གྱི་བཀྲ་ཤིས་པའི་བྱ་བ།

“ང་དབུལ་པོ་བྱེད་འདོད་མེད”2016ལོ་ནས་བཟུང་ཕུར་བུ་བཀྲ་ཤིས་ལ་ཕྱུག་པོ་ཆགས་འདོད་ཀྱི་སེམས་ཤུགས་དེ་ཡོད་པ་རེད།

སྐབས་དེ་དུས་ཕུར་བུ་བཀྲ་ཤིས་དང་ནད་གཞི་ཕོག་པའི་ཨ་མ་ཚེ་རིང་སྒྲོལ་མ་གཉིས་སྨི་ངོས་གྲུ་40ལས་མེད་པའི་ཁང་ཆུང་ཞིག་ཏུ་འཚོ་བ་སྐྱེལ་བ་དང་ཡོང་འབབ་ཕྲན་བུ་ཙམ་ཡོད་པ་དེས་ལྟོ་གོས་འཕྱིད་ཙམ་ལས་མེད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། གདོང་དཀར་གྲོང་རྡལ་ཉལ་གྲོང་ཚོས་དེ་སྔའི་ནས་སོགས་འབྲུ་རིགས་ཁོ་ན་འདེབས་པའི་སྲོལ་རྒྱུན་ལ་འགྱུར་ལྡོག་བཏང་སྟེ་དྲོད་ཁང་60བསྐྲུན་ནས་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ལ་གཞོལ་བ་རེད།

ཕུར་བུ་བཀྲ་ཤིས་ལ་ཡང་དྲོད་ཁང་ཞིག་རག་པ་དང་ཁོང་གིས་སྣང་རྫོང་མི་སྤྱི་ཅུས་ཀྱིས་གཉེར་བའི་སྔོ་ཚལ་འདེབས་འཛུགས་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭར་ཧུར་ཐག་ཞུགས་ནས་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་སྦྱངས་པ་རེད།

2017ལོར་ཕུར་བུ་བཀྲ་ཤིས་སྡོད་ཁང་གསར་པར་སྤོས་ཤིང་། “འབྲི་གཡག་ཉིན་རེ་བཞིན་འཚར་ལོངས་དང་དྲོད་ཁང་གི་སྔོ་ཚལ་ཡང་ཉིན་རེ་བཞིན་སྐྱེ་འཚར་ལེགས་སུ་ཕྱིན་ནས་འཚོ་བ་ཇེ་ལེགས་སུ་འགྲོ་འགོ་ཚུགས”

འོན་ཀྱང་དབུལ་པོ་ལས་སྒྲོལ་བའི་འགག་རྩ་ནི་རང་ཉིད་ལ་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་དགོས་པ་ཕུར་བུ་བཀྲ་ཤིས་ཀྱིས་གསལ་པོར་ཤེས་ཀྱི་ཡོད། བསམ་བློ་མང་པོ་བཏང་རྗེས། ཁོང་གིས་དངུལ་བུན་གཡར་ནས་སྐྱེལ་འདྲེན་གྱི་ལས་ལ་གཞོལ་རྒྱུའི་ཐག་བཅད།

ཁོང་གིས་བསམ་བློ་དེ་ཆ་སྒྲིག་རོགས་སྐྱོར་མཁན་བསོད་ནམས་རྡོ་རྗེར་བཤད་པ་དང་བསོད་ནམས་རྡོ་རྗེས་ཉན་རྗེས“བསམ་བློ་དེ་དངོས་གནས་ཡག་པོ་རེད། ཧུར་ཐག་བྱས་ན་ཡོང་འབབ་མང་པོ་གསོག་ཐུབ། དངུལ་བུན་གཡར་བའི་ཐད་ཁྱེད་རང་སེམས་ཁྲལ་མ་བྱེད། ངས་ཁག་ཐེག་བྱས་ཆོག”ཅེས་བཤད། མི་རིང་བར། ཕུར་བུ་བཀྲ་ཤིས་ཀྱིས་རླངས་འཁོར་གསར་པ་ཞིག་བཏང་ནས་ནང་ལ་ལོག རླངས་འཁོར་དེས་ཕུར་བུར་བཀྲ་ཤིས་ཁྱིམ་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་མང་དུ་སོང་ཡོད།

2018ལོར་ཕུར་བུ་བཀྲ་ཤིས་ཁྱིམ་གྱི་དབུལ་ཞྭ་འབུད་ཐུབ་པ་བྱུང་བ་དང་། དབུལ་པོ་ལས་བསྒྲལ་རྗེས། ཕུར་བུ་བཀྲ་ཤིས་ཀྱིས་དེར་བློ་ཡིད་མ་ཚིམ་པར་2019ལོར་བསྐྱར་དུ་སུར་པན་འདེབས་པའི་ལས་ལ་གཞོལ། ཁོང་གིས་གསར་འགོད་པར“ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག དེ་དག་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།