《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

བོད་ལྗོངས་ཀྱི་རྫོང་70རུ་ཐུམ་འབུའི་ནད་ཕོག་ཚད་1%བར་ཉུང་དུ་ཕྱིན་པ།

མི་ཚོགས་ལ་ནད་ཕོག་ཚད་2016ལོའི་1.66%ནས་2019ལོའི་ལོ་མཇུག་གི་0.26%བར་ཉུང་དུ་ ཕྱིན་པ་དང་ཐུམ་འབུའི་ནད་ཕོག་ཚད་མང་བའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རང་སྐྱོང་ལྗོངས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔར་བོད་ལྗོངས་སུ་ཐུམ་འབུའི་ནད་ཕོག་མཁན་ལ་གཤགས་བཅོས་ཐེངས་5057བྱས་པ་དང་སྨན་རྫས་ཀྱི་ཐོག་ནས་སྨན་བཅོས་15421བྱས་པས་རྫོང་70རུ་ཐུམ་འབུའི་ནད་ཕོག་ཚད་1%བར་ཉུང་དུ་ཕྱིན་པ་དང་། མི་ཚོགས་ལ་ནད་ཕོག་ཚད་དེ་2016ལོའི་1.66%ནས་2019ལོའི་ལོ་མཇུག་གི་0.26%བར་ཉུང་དུ་ཕྱིན་ཏེ། ཐུམ་འབུའི་ནད་ཕོག་ཚད་མང་བའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད།

ཐུམ་འབུའི་ནད་ལ“འབུ་སྐྲན”ཟེར་ཞིང་། ནད་ཕོག་ཚེ་ལོ་བཅུའི་ནང་འཆི་ཚད་94%ཟིན་གྱི་ཡོད། དེ་ནི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་གི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་ཡིན་པ་རེད། བོད་ལྗོངས་ནི་རང་རྒྱལ་གྱི་ཐུམ་འབུའི་ནད་ཁྱབ་རྒྱ་ཆེ་ཤོས་ཀྱི་ཁུལ་ཁོངས་ཤིག་ཡིན་པ་དང་། ནད་ཕོག་ཚད་1.66%ཟིན་པ། རྫོང་74ཚང་མར་ཁྱབ་ཡོད་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་17ཡི་རྒྱབ་སྐྱོར་འོག་རིགས་གཅིག་མཁས་ཅན་3500ལྷག་ཙམ་ལས་གྲུབ་པའི་བརྟག་དཔྱད་ཚོགས་ཆུང་800ལྷག་གིས་ལོ་གཅིག་ནང་ཐུམ་འབུའི་ནད་བརྟག་དཔྱད་ལས་དོན་ལེགས་གྲུབ་ཟིན་པ་དང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་རྫོང་74ཚང་མར་ཁྱབ་པ་དང་། སྤྱིའི་མི་གྲངས་ཁྲི་290ལྷག་ཟིན་པ། ནད་དཔེ་26846ལ་ཞིབ་བཤེར་ཐུབ་ཡོད།