《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月07日

ཏིང་ཡེ་ཤན་གྱིས་སློབ་གསོའི་ཁོངས་གཏོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སློབ་གསོའི་གྲོང་གི་སློབ་ཁྲིད་ས་ཚིགས་སུ་ཕེབས་ཏེ་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཛུབ་སྟོན་དང་མཆད་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཐད་ཆེད་དོན་བརྟག་ཞིབ་གནང་ནས་སློབ་གསོའི་ཁོངས་གཏོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་སླར་ཡང་བཀོད་སྒྲིག་གནང་བ་རེད།

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས་ཤིང་། “འདུ་ཤེས་བཞི”ཟབ་ཏུ་དང་། “གདེང་ཚོད་བཞི”བརྟན་དུ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཆེ་རུ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ཤུགས་ཆེར་གཏོང་བ། ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་དམ་འཛིན་ལྷོད་མེད་དང་། འཐུས་ཤོར་མི་གཏོང་བ་གཉིས་དང་སྐུལ་འདེད་གཉིས་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས་པ་དང་།

གཉིས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེ་མོའི་སྤྱི་ཡོངས་གཉིས་ཡིད་ལ་བཅངས་ཏེ“གཡུལ་སའི་འདུ་ཤེས”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། བྱེད་ཐབས་ལ་དེ་བས་ཤུགས་སྣོན་དང་། འགན་འཁྲི་དེ་བས་དམ་ནན། ལས་དོན་དེ་བས་ཤུགས་ཆེར་བཅས་གཏོང་རྒྱུར་སྐུལ་འདེད་བཏང་ནས་དོན་འཁྱོལ་ལས་དོན་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཞིབ་ཚགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་པའི་འགན་ལེན་བྱེད་དགོས་པ།

གསུམ་ནས་ལམ་ལུགས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱེད་དགོས་ཤིང་། རྒྱལ་ཡོངས་མིག་མང་སྒྲིག་སྐོར་གཅིག་གི་བསམ་བློ་བརྟན་པོར་བཙུགས་ཏེ་ལྗོངས་ཕྱི་ནང་དང་། སློབ་གྲྭའི་ཕྱི་ནང་། སློབ་ཞུགས་ལས་ཞུགས། བརྟན་ལྷིང་སྲུང་སྐྱོང་། རིམས་ནད་སྔོན་འགོག་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་གཏོང་དང་སྤྱོད་བཟང་ལ་བརྟེན་ནས་མི་སྣ་སྐྱོང་བའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས་པ།

བཞི་ནས་ལས་ཀའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་ཤིང་། སློབ་གསོའི་ཁྱབ་ཁོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྔོན་ཇུས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་འགོ་ཚུགས་པ་སོགས་ཀྱི་འབྲེལ་ཡོད་དོན་ཚན་ལ་སྔོན་ཚུད་ནས་འབྲེལ་མཐུད་དོན་འཁྱོལ་བྱེད་པ་དང་། ཆ་འཕྲིན་མཉམ་འབྲེལ་ལ་དོ་སྣང་བྱེད་པ། སྦྲེལ་མཐུད་མཐུན་སྦྱོར་ཡག་པོ་བྱེད་པ། དངོས་ཟོག་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་ཁག་བདེ་བླག་དང་གོ་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།

ལྔ་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། དགེ་རྒན་དང་སློབ་མར་ཕྱོགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་ཆབས་ཅིག “ཆུང་བས་རྒན་པར་སྣེ་ཁྲིད་བྱེད་པའི”ནུས་པ་འདོན་སྤེལ་བྱེད་པ་དང་། སློབ་མའི་ཁྱིམ་བདག་དང་དེ་བཞིན་ནང་མིར་འགྲོ་སྐྱོད་ཉུང་ཙམ་དང་། མཉམ་འཛོམས་ཉུང་ཙམ། དུག་སེལ་མང་ཙམ། ལག་པ་ཡང་ཡང་འཁྲུད་པ། སྔོན་འགོག་ལ་མཐོང་ཆེན་བཅས་བྱས་ནས་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་ཁྲིད་སྟོན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས་པ།

དྲུག་ནས་ལས་དོན་གྱི་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་དགོས་ཤིང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་ཡིན་ལ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེའང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཏང་རྩ་འཛུགས་ཚང་མ་དང་། ཏང་ཡོན་ཚང་མ། དགེ་རྒན་ཚང་མ་བཅས་ཀྱི་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་དང་ལས་དོན་དོན་འཁྱོལ་གྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)