《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月05日

2019ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.62%ཟིན་པ།

2019ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.62%ཟིན་པ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ལས་ཞུགས་སྐུལ་སྤེལ་སིའི་སི་ཀྲང་ཀྲང་ཡིང་གིས་ཟླ་1ཚེས་14ཉིན། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་2019ལོའི་དུས་ཚིགས་བཞི་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསུང་དོན། 2019ལོར། རང་རྒྱལ་གྱི་ལས་ཞུགས་རྣམ་པ་སྤྱིར་བརྟན་པོ་ཡོད། དམིགས་ཚད་ལས་འགན་ཚང་མ་ལེགས་གྲུབ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་ཚད་མི་ཁྲི་1300ཡན་ཟིན་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། རང་རྒྱལ་གྱི་ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་ཐུབ་ཚད་ལོ་7བསྟུད་མར་མི་ཁྲི་1300ལས་བརྒལ་ཡོད།