《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月04日

གྲོས་འདོན་ཡི་གེ་ཞིག་ལས་འཕྲོས་པའི་ཆོད་སེམས།

—— བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རིམས་ནད་ལ་ཁ་གཏད་ཧུར་ཐག་འཇལ་བའི་སྐོར་བཀོད་པ།

“ང་ཚོས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་རིམས་ནད་སྔོན་འགོག་དང་དུས་བདེ་འགན་ལེན་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་ཏང་དར་ལྷབ་ལྷུབ་ཏུ་གཡོ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན”ཞེས་པ་འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལས་བྲལ་རྒན་ཡོལ་ཞུས་པའི་ཏང་སྤྱི་ཁྱབ་ཀྲི་པུའི་ཏང་ཀྲི་པུའུ་ལྔ་པས་རང་འགུལ་ངང་ལག་བྲིས་བརྒྱབ་པའི་གྲོས་འདོན་ཡི་གེའི་ནང་གི་སྐད་ཆ་ཞིག་རེད།

“ཝུའུ་ཧན་ལ་རོགས་སྐྱོར་བྱེད། མི་རིགས་སློབ་ཆེན་གྱིས་བྱ་སྤྱོད་སྤེལ། སྨན་གཡོག་ཅི་རའོ་ཁུན་གྱིས་ཞན་དབྱང་གྲོང་ཁྱེར་གྱི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཁག་དང་པོར་ཞུགས་ནས་རྡོག་ཐོན་བྱས་རྗེས། ང་ཚོའི་སློབ་གླིང་གིས་རང་འགུལ་ངང་གྲོས་འདོན་ཡི་གེ་བཏོན་ནས་དཔུང་སྣོན་གྲ་སྒྲིག་བྱེད་བཞིན་ཡོད” བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གི་སྐད་འཕྲིན་ལས་དོན་ཚོགས་པའི་ནང་། སྨན་དོན་མི་སྣ་170ལྷག་ཙམ་གྱིས་གཅིག་མཇུག་གཉིས་མཐུད་ངང་མིང་ཐོ་འགོད་པའི་སྒྲ་སིང་སིང་དུ་གྲགས། དེ་དང་དུས་མཚུངས་གསོ་རིག་པུའི་ཆེད་ལས་དགེ་རྒན་30ལྷག་ཙམ་གྱིས་འབོད་སྐུལ་དང་ལེན་ཞུས་ནས། རང་འགུལ་ངང་རིམས་ནད་སྔོན་འགོག་གི་ལས་དོན་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དང་གུང་གསེང་རིང་གི་སློབ་གྲྭའི་བརྟན་ལྷིང་ལས་དོན་ཡག་པོ་སྒྲུབ་ཆེད། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་འཕྲལ་སྡོམ་བརྡ་ལན་ལམ་སྲོལ་བཙུགས་པ་དང་། 《བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་གི་ལས་དོན་ཇུས་གཞི》བཟོས་པ། “ལོ་རིམ་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི”རྒྱུན་རྣམ་ཅན་གྱི་དོ་དམ་ལམ་སྲོལ་ལག་ལེན་བསྟར་ཏེ། སློབ་གྲྭ་ཡོངས་ཀྱི་ཟུར་ཁྲིད་པ་73དང་། འཛིན་བདག་296 ཆ་སྒྲིག་རོགས་སྐྱོར་གྱི་འཛིན་བདག་བཅས་ཀྱིས་ཉིན་ལྟར་ཁ་པར་དང་། སྐད་འཕྲིན་ཚོགས་པ། QQཚོགས་པ་བཅས་བརྒྱུད་ནས་སློབ་གྲྭ་ཡོངས་ཀྱི་སློབ་མ་9968ལ་གྲལ་བཤེར་བྱས་ཏེ། སློབ་མའི་སྡོད་གནས་དང་གཟུགས་གཞི་བདེ་ཐང་གི་གནས་ཚུལ་བཅས་བློ་འདྲི་བྱས་པ་མ་ཟད། སློབ་མ་ཚོར་བདེ་འཇགས་འགོག་སྲུང་ཡག་པོ་བྱས་ནས་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

ཁང་པའི་ཕྱི་ནང་གི་གཙང་སྦྲ་དང་དུག་སེལ་ལས་དོན་ཧུར་ཐག་སྒྲུབ་པ་དང་། དགེ་རྒན་ལས་བཟོའི་ཞག་སྡོད་ཁུལ་དུ་ཁྲོམ་རའི་གོང་ཚད་ལྟར། སྔོ་ཚལ་དང་ཤིང་ཏོག་སོགས་འཚོ་བའི་མཁོ་ཆས་མཁོ་སྤྲོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དགེ་རྒན་ལས་བཟོའི་འཚོ་བའི་ཐད་འགན་ལེན་ཡོད་པ་བྱས་པ་རེད།

གཞན་ཡང་། བོད་ལྗོངས་མི་རིགས་སློབ་ཆེན་ཞོར་གཏོགས་སྨན་ཁང་གིས་ཀྱང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་ལག་བསྟར་བྱས་ཏེ། མྱུར་སྐྱོབ་ཡན་ལག་རུ་ཆུང་བཙུགས་པ་དང་། ཚ་བ་རྒྱས་པའི་སྒོ་བསྟེན་གྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བ། གོ་རིམ་དང་བཀོལ་སྤྱོད་བརྒྱུད་རིམ་ཚད་ལྡན་དུ་བཏང་བ། ཆེད་ལས་ཀྱི་རྩལ་ནུས་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་བ་བཅས་བྱས་པ་རེད།