《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྔ་བར་ཕྱི་གསུམ་དུ་སྐུལ་འདེད་གཏོང་དགོས།

——རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུའི་སྐོར་གླེང་བ།

སྲིད་སྐྱོང་བར་སྙིང་རུས་ཆེན་པོ་ལྡན་དགོས་པ་དང་རྒྱལ་ཁབ་སྐྱོང་བར་རྒྱུན་སྲོལ་ལ་བརྩི་འཇོག་བྱེད་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་ཏང་ལ་དོ་དམ་ནན་པོ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་ཤོས་ཀྱི་ཀུན་སྤྱོད་ཅིག་ཡིན་ལ་རང་རེའི་ཏང་གིས་རྒྱལ་ཁ་ནས་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པར་བསྐྱོད་པའི་འགག་རྩ་ཞིག་ཀྱང་ཡིན།

རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཐའ་གཅིག་ཏུ་རྒྱག་པའི་དུས་བབ་གསར་པའི་འོག་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས་ན་ནིང་གི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ལ་ཕྱོགས་སྡོམ་དང་འདི་ལོའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་འགན་བཀོད་སྒྲིག་བྱས་ཏེ་ང་ཚོར་སྔ་བར་ཕྱི་གསུམ་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་གསར་པས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཞིབ་ཕྲའི་བླང་བྱ་བཏོན་པ་དང་བྱ་ཐབས་ཁ་གསལ་བཟོས་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། རང་རེའི་ཏང་གི་རང་ངོས་གསར་བརྗེ་ཐུབ་པའི་གྲུབ་འབྲས་ལྡན་པའི་འགྲོ་ལམ་དང་ལམ་ལུགས་ནུས་ལྡན་རྒྱས་བཤད་གཏིང་ཟབ་གནང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ངེས་པར་དུ“གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་པ་དང་གང་ཞིག་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས་པའི”གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པས་ཏང་གི་རང་ངོས་གསར་བརྗེ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་རྒྱུན་མཐུད་གཏོང་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ལྟེ་བའི་དོན་སྙིང་ལ་སྟངས་འཛིན་ཡང་དག་བྱས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ། ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཏོན་པའི་ཞིབ་ཕྲའི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། ལྷག་བསམ་རྣམ་དག་ངང་ལས་འགན་གཙང་སྒྲུབ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཛད་ཕྱོགས་དང་བླང་བྱ་སྔ་བར་ཕྱི་གསུམ་དུ་ལག་བསྟར་དོན་འཁྱོལ་དང་རྒྱུན་ཆད་མེད་པར་ལྗོངས་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྤེལ་དགོས།

འདས་ཟིན་པའི་ལོ་དེར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས“འགན་འཁྲི་གཉིས”དོན་འཁྱོལ་དང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐུལ་འདེད་བཏང་བ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི“སྲུང་སྐྱོང་གཉིས”ཀྱི་བསམ་བློ་དང་བྱ་སྤྱོད་དེ་བས་རང་རྟོགས་སུ་གྱུར་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་གཏིང་ཟབ་ཟུག་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲིར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། ལྟ་སྐུལ་སྒྲིག་སྐྱོང་གི“ཐབས་རྣམ་བཞི”རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ། “སྤྱོད་ཚུལ་བཞིའི”ཞན་ཆ་བཅོས་སྐྱོང་བྱེད་ཤུགས་རིམ་བཞིན་ཆེ་རུ་བཏང་བ། ཆབ་སྲིད་ཀྱི་སྐོར་གཟིགས་དང་སྐོར་ཞིབ་ཀྱི་སྤུ་གྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། མང་ཚོགས་ཉེ་འགྲམ་གྱི་ལྐོག་ཟ་དང་རུལ་སུངས་ཙག་ཙིག་གི་སྣང་ཚུལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་བྱུང་བ་བཅས་རེད། གྲུབ་འབྲས་དེ་དག་ཐོབ་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ། དེ་བཞིན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་བཅས་ཀྱི་འབད་བརྩོན་དང་ཁ་བྲལ་ཐབས་མེད།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་འགག་སྒྲོལ་དམག་འཐབ་ཅིག་ཡིན་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བ་དང་ཡུན་རིང་གི་དམག་འཐབ་ཅིག་ཡིན་པས་མཐའ་མ་འཁྱོལ་བ་རྩ་བ་ནས་བྱེད་མི་རུང་། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ལ། རྒྱལ་ཁ་ཕུ་ཐག་གཅོད་པ་དང་འགག་སྒྲོལ་གྱི་དུས་མཚམས་ཤིག་ཀྱང་རེད། མཁྲེགས་སར་གཏུག་ཕོད་པ་དང་ལྡོག་མེད་ལས་འགན་ལེགས་གྲུབ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་བསམ་བློའི་ཐད་རྣལ་ལ་ཕབ་ཅིང་རིག་པ་གསལ་དྭངས་རྒྱུན་འཁྱོངས་དང་། བྱ་སྤྱོད་ཐད་ཞུམ་པ་མེད་ལ་བློ་རྩ་བརྟན་པོ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་དང་ལེན་བྱས་ཏེ་དུས་བབ་ལ་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱེད་པའི་ཁྲོད་ངེས་ཤུགས་དང་སྙིང་རུས་རྒྱུན་འཁྱོངས་བྱེད་པ་དང་། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་སློབ་སྦྱོང་དང་གོ་བ་ལེན་པའི་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བཏོན་བྱས་ནས་རྒྱུན་བསྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཕུགས་བསམ་དང་དད་སེམས་ལ་སྣེ་ཁྲིད་བྱེད་དགོས། རྒྱུན་བསྲིང་ལྷོད་མེད་ངང་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་དང་ལམ་ལུགས་ལག་བསྟར་ལ་འགན་ལེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས“སྲུང་སྐྱོང་གཉིས”ཐུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱོད་ཚུལ་བཟང་པོར་བརྟེན་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས། “སྟག་སྦྲང་མཉམ་རྡུང”བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚམས་དང་ཚོད་མི་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཞིབ་གཅོད་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་སྡུད་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལྟ་ཞིབ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། དམ་ཞིང་ནན་པའི་སྒྲིག་ཁྲིམས་ཀྱིས་ལམ་ལུགས་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྒྲིག་ཁྲིམས་ཀྱི་གཅུན་འདོམས་བྱེད་ཤུགས་དང་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་དགོས།

སྒྲིག་ཁྲིམས་ལག་བསྟར་མཁན་གྱིས་སྔོན་ལ་སྒྲིག་ཁྲིམས་སྲུང་དགོས་པ་དང་གཞན་གཅུན་བྱེད་པར་སྔོན་ལ་རང་གཅུན་ནན་པོ་བྱེད་དགོས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་དང་ལམ་ལུགས་ལག་བསྟར་འགན་ལེན་བྱེད་པའི་འགན་འཁྲི་གལ་ཆེན་ཏན་ཏིག་འཁུར་བ་དང་། སྣེ་འཁྲིད་དེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་སྒྲིག་སྐྱོང་ལས་དོན་གྱི་སྒྲིག་སྲོལ་དང་ལྟ་སྐུལ་ཁྲིམས་སྐྱོང་ལས་དོན་གྱི་གཏན་འབེབས་ཇི་མ་ཇི་བཞིན་ལག་ལེན་བསྟར་བ་བཅས་བྱེད་དགོས། རང་ངོས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། རང་ངོས་གཅུན་འདོམས་ཐད་མིག་དཔེ་འདོན་པ། ཁྲིམས་སྐྱོང་གི་འདུ་ཤེས་དང་། བརྒྱུད་རིམ་གྱི་འདུ་ཤེས། དཔང་རྟགས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་དབང་ཚད་དང་། སྒྲིག་ལམ། བརྒྱུད་རིམ་བཅས་ལ་ནན་པོ་གཞིགས་ནས་ལས་དོན་སྤེལ་བ། ནུས་ཤུགས་དེ་བས་ཆེ་བ་སྤྱད་ནས་དཔུང་ཁག་སྟོབས་ཆེར་གཏོང་བ་དང་ལས་བྱེད་པ་ཉམས་སད་ཐེག་ཐུབ་པ་བཅས་བྱེད་དགོས། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་དེ་བས་རང་རྟོགས་ངང་འཁུར་བ་དང་། ཆབ་སྲིད་ཀྱི་ནུས་པ་དང་ལས་སྒོའི་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཐུབ་པ་དང་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པའི་འཐབ་འཛིང་པ་ཞིག་བྱེད་དགོས།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད། དམིགས་ཚད་གསར་པ་གཏན་འཁེལ་བྱས་ཟིན་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་བཤེར་ཨུ་ལྷན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ལྷག་བསམ་ཟོལ་མེད་ངང་ལས་འགན་སྒྲུབ་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱ་ཆེད་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས།

(བསྟན་བློ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)