《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་འཚོགས་པ།

ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཟླ་1ཚེས་19ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བཞིན་པ།








འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། དེ་བས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། འགྱུར་མེད་བརྟན་པོ་དང་བརྟན་ཐོག་ཡར་བརྩོན་བྱེད་པ། སྔ་བར་ཕྱི་གསུམ་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆ་སྤྱོད་ཚུལ་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་འགན་སྲུང་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས“ལོ་བརྒྱ་གཉིས་ཀྱི”འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་ཐོག་ལངས་ཏེ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། རང་རེའི་ཏང་གི་རང་ངོས་གསར་བརྗེ་ཐུབ་པའི་གྲུབ་འབྲས་ལྡན་པའི་འགྲོ་ལམ་དང་ལམ་ལུགས་ནུས་ལྡན་རྒྱས་བཤད་གཏིང་ཟབ་གནང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ངེས་པར་དུ“གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་པ་དང་། གང་ཞིག་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས་པའི”གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གནང་བ་བཅས་ལས་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཧུར་ཐག་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གོ་བ་གཏིང་ཟབ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིས་སྤྲད་གནང་བའི་ལས་དོན་དང་ལས་འགན་ཁག་བློ་རྩ་བརྟན་པོས་དོན་འཁྱོལ་ཡག་པོ་བྱེད་པ། སྔ་བར་ཕྱི་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། སྔ་བར་ཕྱི་གསུམ་དུ་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པར་སྐུལ་ལྕག་གཏོང་བ། སྔ་བར་ཕྱི་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཛད་ཕྱོགས་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་པས་འདི་ལོའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། གཅིག་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཕུགས་བསམ་དང་དད་སེམས་ལ་སྣེ་ཁྲིད་བྱེད་དགོས། བོད་དུ་ས་བབ་མཐོ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པའི་ཚད་གཞི་དེ་བས་མཐོ་བའི་བསམ་བློ་བརྟན་པོ་འཛུགས་པ་དང་། བོད་དུ་གསོ་རླུང་དཀོན་རུང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ཚད་གཞི་དམའ་རུ་གཏོང་མི་རུང་བའི་བསམ་བློ་བརྟན་པོ་བཙུགས་ནས། ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། འགན་འཁྲི་འཁུར་ཐུབ་པ། འཇོན་ཐང་འཕེལ་ཐུབ་པ། ལས་འགན་སྒྲུབ་ཐུབ་པ། རྩོལ་ཤུགས་སྐྱེ་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།

གཉིས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་དང་ལམ་ལུགས་ལག་བསྟར་ལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས“སྲུང་སྐྱོང་གཉིས”ཐུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། “སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་རྣམ་འགྱུར་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་ནས་མཚོན་པར་བྱེད་པ་དང་འཇོན་ཐང་དང་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་པའི་ཐད་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱེད་ཐེངས་གཅིག་ལ་ཚིག་ཐག་གཅོད་པ་དང་སྲོག་ཤིང་གཅིག་གོང་དུ་བཀུར་བའི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་དགོས།

གསུམ་ནས་མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱོད་ཚུལ་བཟང་པོར་བརྟེན་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ། མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་དམིགས་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་ནས་ཐག་གཅོད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་ཙག་ཙིག་དང་། ནག་གཤེད་ཕྱོགས་གཏོགས་ལ་རྒྱ་ཡན་འགེབས་སྲུང་བྱེད་མཁན་གྱི“སྲུང་གདུགས”དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པར་འགོག་རྐྱེན་བཟོ་བའི་བཀག་རྡོར་བཅོས་སྒྲིག་གཏིང་ཟབ་བྱེད་པ། གཞི་རིམ་གྱི་བཅོས་སྐྱོང་ནུས་ཕྱོད་ཆེ་རུ་གཏོང་བ། དབུལ་སྒྲོལ་གྱི་གྲུབ་འབྲས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དབུལ་སྐྱོར་མ་དངུལ་ལ་བརྐྱངས་པའི་འདྲེ་ལག་མཐའ་གཅིག་ཏུ་གཅོད་དགོས།

བཞི་ནས་སྟག་སྦྲང་མཉམ་རྡུང་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚམས་དང་ཚོད་མི་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཞིབ་གཅོད་བྱེད་དགོས་ཤིང་། རུལ་སུངས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་རྟོགས་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་ཐུབ་པ་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་དང་ཆབ་སྲིད་ཀྱི་ངེས་ཤུགས་བརྟན་པོ་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། རུལ་སུངས་བཅོས་སྒྲིག་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོ་བ་དང་ཏང་གི་སྲིད་སྐྱོང་གི་རྩ་བའི་རྨང་གཞིར་གནོད་འཚེ་ཚབས་ཆེན་བཟོ་བའི་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་པོ་དང་ཐག་གཅོད་ནན་པོ་བྱེད་དགོས།

ལྔ་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་སྡུད་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། “མི་ཕོད་པ”ཞེས་པའི་སྔོན་འགྲོ་དེར་དམ་འཛིན་ཡག་པོ་དང་། “མི་རུང་བ”ཞེས་པའི་འགག་རྩ་དེར་དམ་འཛིན། “མི་འདོད་པ”ཞེས་པའི་རྩ་བ་དེར་དམ་འཛིན་ནན་པོ་བཅས་བྱེད་པའི་ཁར། བོད་ཀྱི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དམིགས་བསལ་ཡིན་རུང་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་ཏང་ཡོན་དང་ལས་བྱེད་པ་ཚོས་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུའི་སྣེ་ཁྲིད་བྱས་ནས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འཛིང་རགས་བརྟན་དུ་གཏོང་དགོས།

དྲུག་ནས་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལྟ་ཞིབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་གྱི་བསྒམ་ནན་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་བའི་ཤུགས་རྒྱག་ས་དེར་དམ་འཛིན་བྱེད་པ་དང་། སྒྲིག་གཞི་དང་། འགན་ནུས། དབང་ཚད། བརྒྱུད་རིམ། འགན་འཁྲི་བཅས་ཁྲིམས་གཏན་ཅན་ལ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། རིགས་ཁག་གི་ལྟ་སྐུལ་སྦྲེལ་མཐུད་ནུས་ལྡན་དང་ཕན་ཚུན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྟ་སྐུལ་མ་ལག་གི་ནུས་ཕྱོད་ཧྲིལ་པོ་ཆེ་རུ་གཏོང་དགོས།

བདུན་ནས་དམ་ཞིང་ནན་པའི་སྒྲིག་ཁྲིམས་ཀྱིས་ལམ་ལུགས་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྒྲིག་ཁྲིམས་ཀྱི་གཅུན་འདོམས་བྱེད་ཤུགས་དང་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྣེ་འཁྲིད་དེ་ལམ་ལུགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པའི་ལམ་ལུགས་ལག་བསྟར་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པས་ལམ་ལུགས་ལ་ནན་པོར་གཞིགས་ཏེ་རང་འགན་གཙང་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ལམ་ལུགས་སྤྱད་དེ་བྱ་བ་སྒྲུབ་མཁས་པོ་བྱེད་པ་བཅས་བྱས་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལས་དོན་བཀོད་སྒྲིག་གལ་ཆེན་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

བརྒྱད་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས“འགན་འཁྲི་གཉིས”ཀྱི་ཚན་རིག་གི་ནང་དོན་དང་འགན་འཁྲིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ལས་བྱེད་པ་བསྐོ་གཞག་དང་ལས་བྱེད་པར་ལྟ་སྐུལ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ལས་བྱེད་པར་སྐུལ་ལྕག་གིས་འགན་འཁྲི་འཁུར་བ་དང་ལས་དོན་སྒྲུབ་པ་དང་། ནོར་འཛོལ་རུང་བ་དང་ནོར་འཁྲུལ་ཡོ་བསྲང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་བཅས་བྱས་ནས་རང་ཉིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ནན་པོ་འཁུར་དགོས།

ཚོགས་འདུའི་ཐོག་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས《ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་དང་བཅོས་སྐྱོང་ནུས་ཕྱོད་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་བོད་ལྗོངས་བསྐྲུན་ཆེད་འགན་ལེན་བརྟན་པོ་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད། (སྤེན་ཚེ་དང་སྐལ་མཆོག་གིས་བསྒྱུར་ཅིང་ཞུས)