《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月20日

རང་སྐྱོང་ལྗོངས་ཀྱིས་2020ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་པ།

ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཀྲོང་ཡན་བཅས་ཕེབས་པ་དང་། ཆེ་དགྲ་ལྷས་ཤིས་ཚིག་སྒྲོན་པ། ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ཚེས་18ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཀྱི་2020ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གི་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ལྷན་དུ་འཛོམས་ནས་ཕན་ཚུན་མཇལ་དར་བསྒྲོན་རེས་དང་སྨོན་ཚིག་གསུང་རེས་གནང་སྟེ་མཉམ་དུ་དུ་མཛའ་བཤེས་གླེང་བ་དང་འཕེལ་རྒྱས་ཀྱི་འཆར་འགོད་བཏིང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཕེབས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཐུབ་བསྟན་འཕྲིན་ལས་ཀྱིས་ཤིས་ཚིག་སྒྲོན་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཝང་ཝུའེ་ཏུང་བཅས་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་ལེགས་མཆོག་དང་པ་སངས་སོགས་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཕེབས་པ་རེད།

ཆེ་དགྲ་ལྷས་ཤིས་ཚིག་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ལེགས་སྐྱེས་འབུལ་མྱོང་བའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་། མི་དམངས་བུ་ཕྲུག་དམག འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས། སྔོན་གཤེགས་དཔའ་བོ་དང་ཁོང་ཚོའི་ནང་མི། ཕུལ་བྱུང་གི་གཟི་བརྗིད་མཚན་སྙན་འཐོབ་མྱོང་མཁན། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་ལས་བཟོ་བཅས་དང་། རྒྱ་ཆེའི་རྒྱལ་གཅེས་མི་སྣ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ། ཕྱིར་ལོག་བོད་རིགས་སྤུན་ཟླ། བཟོ་ཚོང་ལས་རིགས་ཀྱི་མི་སྣ། གཞོན་ནུ། སློབ་མ། དེ་བཞིན་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།

ཆེ་དགྲ་ལྷས་གསུངས་དོན། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར་ང་ཚོས་བོད་ཀྱི་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་གྱི་བྱ་གཞག་ལ་རིན་ཐང་བྲལ་བའི་ཚེ་སྲོག་སྐྱེས་སུ་འབུལ་མཁན་སྔོན་གཤེགས་དཔའ་བོ་གྲངས་མེད་ལ་དེ་བས་དྲན་གསོ་ཞུ་རྒྱུ་དང་། ང་ཚོས་འཛམ་གླིང་ཡང་རྩེར་ལང་ཚོ་དང་རྔུལ་ཆུ་སྐྱེས་སུ་འབུལ་མཁན་གྱི་གསར་སྤེལ་བ་དང་འཛུགས་སྐྲུན་པ་མི་རབས་ནས་མི་རབས་ལ་དེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ཚོས་མི་རབས་གོང་མ་ཚོས་བཞག་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དེ་བས་གཅེས་འཛིན་བྱ་རྒྱུ་ཡིན། ང་ཚོས་ཐོག་མའི་བསམ་འདུན་མ་གྱུར་བ་དང་རང་གཤིས་ནམ་ཡང་མི་ཉམས་པར་གསར་བརྗེའི་ས་བོན་དར་སྤེལ་ཤུགས་ཆེན་བཏང་ནས། བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཆེ་དགྲ་ལྷས་གསུངས་དོན། 2020ལོ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པ་དང་། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན། ལོ་གསར་པའི་ནང་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དུས་ཚོད་ལ་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་དང་། ཀུན་སེམས་གཅིག་སྒྲིལ་དང་རྒྱུན་མཐུད་འབད་འཐབ་བྱས་ནས། དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྒྱལ་ཁའི་གླུ་དབྱངས་གསར་པ་སླར་ཡང་ལེན་རྒྱུ་ཡིན།

ཐུབ་བསྟན་འཕྲིན་ལས་ཀྱིས་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་ཀྱི་ཚབ་ཞུས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་གནང་བ་རེད།

དེ་རྗེས་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་འགོ་ཁྲིད་བློ་མཐུན་གྱིས་ཚང་མ་དང་ལྷན་དུ《དགའ་སྤྲོ་འཁོལ་བ》དང་། 《ངའི་མེས་རྒྱལ》 《བདེ་སྐྱིད་ལྡན་པའི་བོད་རིགས་མི་དམངས》 《རྣམ་པར་བཀྲ་བའི་ཀྲུང་ཧྭ》སོགས་གླུ་གར་ལེ་ཚན་གཟིགས་གནང་བ་རེད།

(དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)