《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月20日

ལྗོངས་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ།

ཟླ་1ཚེས་15ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་15ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཚོགས་འདུར་ཞུགས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས་བཅས་ཕེབས་ཡོད་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་ཀྱང་གནང་བ་རེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། འདི་ལོའི་དུས་བདེ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་ལས་འགན་ཡང་ཧ་ཅང་ལྕི། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)གི་ཁ་ཕྱོགས་ཡང་དག་འགན་ལེན་གྱིས་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་དེ་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)གི་ལེགས་ཆ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ལ་ཧུར་ཐག་འགྱུར་བར་བྱེད་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཉམ་འགོག་མཉམ་བཅོས་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དུས་བདེའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས། སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་གི་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། གནད་སྨིན་རང་བཞིན་བཅས་ཆེ་རུ་གཏོང་དགོས། རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་གསར་གཏོད་ཕན་ཚུན་ཟུང་འབྲེལ་གྱི་རྩ་དོན་གཞིར་བཟུང་། ཚོད་ལྟ་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་ལྗོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་དགོས། འབྱུང་རྩ་བཅོས་སྐྱོང་གི་འདུ་ཤེས་བཙུགས་ཏེ་འབྱུང་རྩ་ནས་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་འགལ་ཟླ་འགོག་ཟོན་དང་སེལ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དགོན་སྡེ་དང་སྤྱི་པའི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས། སྔོན་ཐོན་གྱིས་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལམ་ལུགས་འཛུགས་སྐྱོང་དང་། བརྟན་ལྷིང་གི་རྨང་གཞི། ནུས་པ་འཛུགས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། གནད་སྨིན་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་དམིགས་ཚད་ལས་འགན་དོན་འཁྱོལ་བྱས་ནས་བཀོད་སྒྲིག་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)གི་ཕུལ་བྱུང་གྲོང་ཁྱེར་དང་ས་ཁུལ་གྱི་འཐུས་མི་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་འཐུས་མིས་ཚོགས་ཆེན་ཐོག་སྤེལ་རེས་གཏམ་བཤད་བྱས་པ་རེད།