《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月19日

གཞིས་རྩེས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། 2019ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི“གཙང་སེལ་དང་མཇུག་བསྡུའི”བྱ་སྤྱོད་སྤེལ་ཏེ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི“མཐའ་མའི་འགག་གནད”བསལ་ནས་ཞིང་འབྲོག་མང་ཚོགས་ལ་བདེ་འཇགས་ཀྱི་ཆུ་དང་། དྭངས་གཙང་གི་ཆུ། བློས་འགེལ་ཆོག་པའི་ཆུ་བཅས་འཐུང་རྒྱུ་ཡོང་བ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.914བཏང་སྟེ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་རྣམ་གྲངས་1116ལག་ལེན་བསྟར་ནས་རྒྱལ་རྩེ་དང་རྣམ་གླིང་སོགས་དབུལ་ཞྭ་ཕུད་པའི་རྫོང་6གི་དུད་ཚང་45036གི་མི་ཁྲི་21.6གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་དེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་27718ཀྱི་མི་འབོར་དབུལ་པོ་ཁྲི་6.106གི་འཐུང་ཆུའི་བདེ་འཇགས་རྣམ་གྲངས་འཛུགས་སྐྲུན་ལས་འགན་དང་འབྲེལ་བ་ཡོད་པ་དང་། མ་དངུལ་སྒོར་ཁྲི་6287.75བཏང་ནས་རྫོང་དང་ཆུས་ལྷག་མ་12ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་དང་ཉམས་གསོ་སྒྱུར་བཀོད་ལས་གྲྭ་85དུས་མཚུངས་སུ་ལེགས་སྒྲུབ་བྱས་ཡོད། 2019ལོའི་ཟླ་9པའི་ཟླ་མཇུག་ཏུ་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་རྣམ་གྲངས་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཤིང་། གྲོང་ཁྱེར་ཡོངས་སུ་ཆུ་ཀ་ལ་ཁྱབ་ཚད་91.1%དང་། གཅིག་སྡུད་ཐོག་ཆུ་མཁོ་འདོན་བྱེད་ཚད་91.3% ཆུ་མཁོ་འདོན་འགན་ལེན་བྱེད་ཚད་94.1% ཆུ་སྤུས་ཚད་གཞི་ལོན་ཚད་100%བཅས་ཟིན་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། དམ་ཆོས་ཀྱིས་ཞུས)