《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月19日

ན་ནིང་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་མ་འཇོག་སྒོར་དུང་ཕྱུར་391དོན་འཁྱོལ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་2020ལོའི་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོ་ཤར་ཚུན་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། ནུས་ལྡན་མ་འཇོག་བརྟན་ཁྲོད་ཡར་འཕེལ་གྱིས་ལོ་འཁོར་གྱི་མ་འཇོག་སྒོར་དུང་ཕྱུར་391དོན་འཁྱོལ་བྱས་པ་དེ་འཆར་གཞི་ལས་44.81%བརྒལ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པར”རིམ་རྩིས་བྱས་པར་གཞིགས་ན། ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་སྟོང་ལས་བརྒལ་བ་དོན་འཁྱོལ་བྱས་ཡོད།

དངུལ་རྩའི་སྲིད་ཇུས་ལེགས་སྒྲིག་བྱས་པའི་གནས་ཚུལ་འོག རང་སྐྱོང་ལྗོངས་ཀྱིས་ས་གནས་ཀྱི་བུན་འཛིན་བཀྲམ་པ་བརྩོན་ལེན་ཧུར་ཐག་བྱེད་པ་དང་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལྷག་དངུལ་བསྡུ་སྒྲིལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་གསེབ་ཀྱི་གཞུང་ལམ་འཛུཌ་སྐྲུན་མ་དངུལ་སྒོར་དུང་ཕྱུར་96.5གྲབས་གསོག་བྱས་ཏེ། སྐྲུན་བཞིན་པའི་རྣམ་གྲངས་ལ་སྐུལ་འདེད་བདེ་བླག་གཏོང་བར་འགན་སྲུང་ཡག་པོ་བྱས་ཡོད། གཞུང་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་458ལེགས་གྲུབ་བྱས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྲད་པའི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱས་ཡོད། (དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)