《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月19日

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ། ལས་སྒྲུབ་ཧུར་ཐག་བརྩོན་སེམས་འཕེལ་བར་བྱེད།

—— སྨན་རི་ཤང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པའི་སྐོར་བཀོད་པ།

2019ལོའི་ཟླ་12ཚེས་30ཉིན་གྱི་ཕྱི་དྲོ། བྲག་ཡིབ་ཆུས་སྨན་རི་ཤང་ཏང་ཨུད་ཀྱི་ཚོགས་ཁང་དུ་མང་ཚོགས་དང་འབྲེལ་འདྲིས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།

སྨན་རི་ཤང་གི་ཚོང་འདུས་གྲོང་རྡལ་གྱི་ཚོང་པ་དང་། ཕྱི་ནས་ཡོང་བའི་ཚོང་པ། ཕྱི་ནས་ཡོང་བའི་ལས་མི། དུད་ཁྱིམ་དབུལ་པོ། ཐག་རིང་ལུང་ཁུག་གི་དུད་ཁྱིམ་སོགས་ཀྱི་མང་ཚོགས་60ལྷག་ཙམ་ད་རེས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྐད་གཉིས་སྒྲོག་འགྲེལ་ཚོགས་ཆེན་ལ་ཞུགས་པ་རེད།

བྲག་ཡིབ་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའུ་ཅུན་ཕིང་ནི་ད་རེས་སྒྲོག་འགྲེལ་ཚོགས་ཆེན་གྱི་སྒྲོག་འགྲེལ་པ་ཨང་དང་པོ་ཡིན། ཁོང་གིས་དང་ཐོག་ཤང་གྲོང་གི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་དང་ཡང་དག་པའི་ངང་སྒྲོག་འགྲེལ་བྱས་པ་དང་། དེ་རྗེས་སྒྲོག་འགྲེལ་པ་གཡུ་རོང་རྡོ་རྗེ་དང་ཆའོ་ཚེ་རིང་གིས་བོད་སྐད་ཀྱི་ཐོག་ནས་ཡུལ་མི་རྣམས་ལ་སྒྲོག་འགྲེལ་བྱས་པ་རེད།

སྒྲོག་འགྲེལ་བྱེད་རིང་། ཚང་མས་བློ་རྩེ་གཅིག་སྒྲིམ་ངང་ཉན་ཁར་ཟིན་བྲིས་བརྒྱབ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཡིད་ལ་གསལ་པོར་བཟུང་ཡོད། “ད་རེས་ཀྱི་སྒྲོག་འགྲེལ་ཉན་རྗེས་ང་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཤེས་རྟོགས་དང་ངོས་འཛིན་སྔར་བས་ཟབ་མོ་བྱུང་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་ཏེ་སློབ་སྦྱོང་ཟབ་མོ་དང་གོ་བ་གཏིང་ཟབ་ལེན་པ་དང་། ལམ་ལུགས་ལག་བསྟར། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གཞོལ་ཁར། མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་རྒྱུ་དེ་ལས་ཀའི་གཙོ་གནད་དུ་འཇོག་པ་དང་། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་མིག་སྔའི་གཙོ་གནད་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་ཡིན”ཞེས་སྨན་རི་ཤང་གི་ལས་བྱེད་པ་ཚེ་ཆོས་ཀྱིས་བཤད།

“སྒྲོག་འགྲེལ་གྱི་ནང་དོན་གོ་བདེ་ཤེས་སླ་དང་ཁ་གསལ་དོན་གསལ་ཡིན་པས་ནམ་རྒྱུན་གྱི་འཚོ་བའི་ནང་མཐོང་དཀོན་པ་ཞིག་རེད། ད་རེས་ཀྱི་སྒྲོག་འགྲེལ་ཉན་རྗེས་ང་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྔར་བས་ཕྱོགས་ཡོངས་དང་། སྔར་བས་བརྒྱུད་རིམ་ལྡན་པ། སྔར་བས་གཏིང་ཟབ་པ། སྔར་བས་ཡང་དག་པ་བཅས་ཀྱི་སྒོ་ནས་ཤེས་རྟོགས་བྱུང་། སྨན་རི་ཤང་གི་ཚོང་པ་ཞིག་ཡིན་པའི་ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་སྣེ་ཁྲིད་འོག་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་གོང་བཀུར་མཐའ་གཅིག་ཏུ་ཞུས་ཏེ་སྒྲིག་བཀུར་ཁྲིམས་སྲུང་དང་འཚོ་བའི་ནང་གཞན་ལ་རོགས་རམ་གང་ཐུབ་བྱས་ནས་དུས་རབས་གསར་པའི་མདུན་སྐྱོད་པ་ཞིག་བྱ་རྒྱུ་ཡིན”བློ་བཟང་བསྟན་པས་ཤང་ཏང་ཨུད་ཀྱི་ཉེ་འགྲམ་དུ་བོད་བཟོའི་གནའ་རྫས་ཚོང་ཁང་ཞིག་གཉེར་ཡོད་པ་དང་སྒྲོག་འགྲེལ་བྱེད་སྒོ་ཡོད་ཚེ་ཁོང་ག་དུས་ཡིན་རུང་ཞུགས་ཀྱི་ཡོད་པ་རེད། ཁོང་ལ་ཆ་མཚོན་ན། ཏང་གི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་སྐོར་གྱི་ཤེས་བྱ་དུས་ཐོག་ཏུ་ཁ་གསབ་བྱ་རྒྱུ་ནི་ཁོང་གི་རྒྱུན་གཏན་འཚོ་བའི་ནང་གི“ངེས་སྦྱོང་སློབ་ཚན”དུ་གྱུར་འདུག

ཆུ་ཚོད་2རིང་གི་སྒྲོག་འགྲེལ་ལམ་སེང་མཇུག་འགྲིལ་སོང་། ད་རེས་ཀྱི་སྒྲོག་འགྲེལ་ལས་མང་ཚོགས་ལ་མནོ་བསམ་ཟབ་མོ་གཏོང་བའི་གོ་སྐབས་ཤིག་བྱུང་ཁར་དེ་བས་ཀྱང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་གྱི་བསམ་བློའི་སློབ་ཚན་ཞིག་ཏུའང་གྱུར་ཡོད་པ་རེད།