《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

ལག་རྩལ་སྣ་གཅིག་སྦྱངས་ན་དབུལ་སྒྲོལ་བྱེད་པར་སླ།

—— སྣང་རྫོང་ལྡེམ་མོ་ཤང་ལོ་ལུང་གྲོང་ཚོའི་ཡུལ་མི་དངོས་གྲུབ་ཀྱི་དབུལ་སྒྲོལ་སྐོར་རགས་ཙམ་བཀོད་པ།

སྣང་རྫོང་ལོ་ལུང་གྲོང་ཚོའི་རིག་གནས་ཁང་སྐྲུན་ཡུལ་དུ་ཡུལ་མི་དངོས་གྲུབ་ཀྱིས་གཟབ་ནན་ངང་རང་ཉིད་ཀྱི་བླུག་འཁོར་གཏོང་བཞིན་འདུག

དངོས་གྲུབ་ཀྱི་བཟའ་ཟླ་གཟུཌ་པོ་ཐང་པོ་མེད་པས་ནང་ལས་བྱེད་མི་ཐུབ་པའི་ཁར་ཕྲུ་གུ་གཉིས་སློབ་གྲྭ་འགྲིམ་བཞིན་ཡོད་པས་ཁྱིམ་གྱི་དཔལ་འབྱོར་ཡོང་འབབ་ཁོང་གཅིག་པུར་བརྟེན་དགོས་ཀྱི་ཡོད། དེ་སྔ་དངོས་གྲུབ་ཁྱིམ་གྱི་འཚོ་བ་སྐྱོ་པོ་ཡོད། ཡིན་ནའང་ད་ཆ་ཁོང་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་དུ་གྱུར་ཡོད།

2016ལོར། ལག་རྩལ་མི་ཤེས་པ་དང་མ་དངུལ་མི་འདང་བའི་རྐྱེན་གྱིས་དངོས་གྲུབ་ཀྱི་ཁྱིམ་ཚང་གྲོང་ཚོའི་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་པ་རེད།

དེ་རྗེས། སྣང་རྫོང་མི་སྤྱི་ཅུས་ཀྱིས་ཡིག་ཚཌ་དང་གཱ་བཟོས་པའི་མང་ཚོཌ་དབུལ་པོ་སྒྲིག་འཛུཌ་བྱས་ཏེ། ལས་ཞུཌ་རྩལ་ནུས་གསོ་སྦྱོང་བྱེད་སྐབས་དངོས་གྲུབ་ཀྱང་ཡུལ་མི་གཞན་དག་ཁག་གཅིག་དང་མཉམ་དུ་སྔོག་འཕྲུལ་དང་བླུག་འཁོར་གྱི་རྩལ་ནུས་གསོ་སྦྱོང་ནང་ཧུར་ཐག་ཞུགས་ཏེ། བླུག་འཁོར་གཏོང་བའི་ལག་ཁྱེར་རག་སྟེ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རེ་བྱེད་ཀྱི་ཡོད་པ་རེད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར། ལག་ཁྱེར་བདེ་བླག་རག་རྗེས་ཐབས་ལམ་སྣ་ཚོགས་བརྒྱུད། དངོས་གྲུབ་ལས་ཡུལ་དུ་ལས་ཀ་ཐུབ་ཅིང་། ཁོང་གིས“ཐོག་མར་ལས་ཀ་བྱེད་སྐབས་གླ་ཆ་ཉུང་ཙམ་འདུག ཡིན་ནའང་། ལག་རྩལ་ཡག་པོ་སྦྱོང་ཐུབ་ཀྱི་འདུག ལག་རྩལ་བྱང་ཆུབ་རྗེས་རང་ཉིད་ཀྱིས་ཀྱང་འཕྲུལ་འཁོར་གཅིག་ཉོ་གི་ཡིན”ཞེས་བཤད་བྱུང་།

2017ལོར། དངོས་གྲུབ་ཀྱིས་རང་གིས་བསཌ་པའི་དངུལ་དང་སྒོར་ཁྲི་5ཡི་དངུལ་རྩའི་དབུལ་སྐྱོར་གྱི་འབོར་ཉུང་དངུལ་བུན་སྤྱད་དེ་བླུག་འཁོར་ཆུང་གྲས་ཤིག་ཉོས་པ་རེད། དེ་ནས་བཟུང་། གྲོང་ཚོའི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇཌ་ལས་གྲྭ་དང་། ཆུ་ལོག་འགོག་རགས་ཉམས་བཟོ། གྲོང་ཚོའི་རིག་གནས་ཁང་ཚད་ལྡན་ཅན་འཛུཌ་སྐྲུན་སོཌ་ཀྱི་ཨར་ལས་བྱ་ཡུལ་ཚང་མར་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་པའི་དངོས་གྲུབ་མཐོང་རྒྱུ་ཡོད་པ་དང་། དེ་ལས་ཁོང་ལ་ལོ་རེར་ཉུང་མཐར་ཡོང་འབབ་སྒོར་ཁྲི་1ཡོང་གི་ཡོད་པ་རེད།

“ད་ལྟ་ཆ་རྐྱེན་འཛོམས་པོ་འདུག ཏང་གིས་ང་ཚོར་གཟིཌ་སྐྱོང་གང་མང་གནང་བྱུང་། ཏང་ལ་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་དཀའ་ལས་རྒྱག་ཐུབ་པ་དང་བརྒྱབ་ཕོད་ན། སླད་ཕྱིན་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེཌ་སུ་འགྲོ་ངེས་ཡིན”ཞེས་དངོས་གྲུབ་ཀྱི་བཟའ་ཟླས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།