《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

དམངས་སེམས་འདུ་འགོད་བསྐྲུན་། བདེ་སྡོད་ཕུགས་བསམ་བསྒྲུབས་།

—— ལྷོ་ཁ་གྲོང་ཁྱེར་གྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དོ་དམ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

འདི་ནི་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་གྱི་གནས་སྤོས་མང་ཚོགས་ཚོས་དགའ་དགའ་སྤྲོའི་སྤྲོའི་ངང་སྡོད་ཁང་གསར་པར་སྤོ་བཞིན་པ།

རང་ཉིད་ལ་དབང་བའི་སྡོད་ཁང་ཡོད་པར་བྱས་ཏེ། བདེ་སྐྱིད་འཚོ་བ་ཚང་མས་མཉམ་སྤྱོད་བྱས་པ།

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ལམ་ཆེན་དང་སན་ཤང་ལམ་ཆེན་གྱི་འབྲེལ་མདོར་ལྷོ་ཁ་གྲོང་ཁྱེར་གྱི་དུས་ཐེངས་གསར་པའི་གྲོང་ཁྱེར་ཐད་གཏོགས་ཀྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་བསྐྲུན་ཟིན་གྲབས་ཡོད།

“ཁང་པ་བགོས་རྗེས། ང་ཚོ་ཁང་པ་ཆེན་པོ་འདི་འདྲའི་ནང་སྤོས་ནས། དེ་སྔའི་ཁང་ཆུང་ནག་པོའི་ནང་སྡོད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད”ཅེས་གཡང་འཛོམས་ཀྱིས་བརྗོད་བཞིན་དུ་ཨ་མ་ཁྲིད་དེ་སྡོད་ཁང་གསར་པར་ལྟ་སྐོར་བྱས། མ་སྨད་གཉིས་ཀྱིས་སྡོད་ཁང་གསར་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

བདེ་སྡོད་བྱུང་ཚེ་ལས་བརྩོན་ཡོང་ཐུབ། “སྡོད་ཁང་དཀོན་པ”དེ་དཀའ་ངལ་ཡོད་པའི་མང་ཚོགས་དང་གཞི་རིམ་གྱི་ལས་བྱེད་པ་དང་ལས་བཟོའི་ངོས་ནས་བརྗོད་ན། ་སེམས་ཁྲལ་ཆེ་ཤོས་རེད་ལ་རེ་སྒུག་ཆེ་ཤོས་ཤིག་ཀྱང་རེད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་ཉིད་ལ་དབང་བའི་སྡོད་ཁང་གི་རེ་སྒུག་མངོན་འགྱུར་ཡོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་སྡོད་ཁང་འགན་ལེན་ཁྱབ་ཁྱོན་སྔར་བས་རྒྱ་ཆེར་བཏང་ནས་ཁང་གླ་ཁེ་བའི་སྡོད་ཁང་དང་། ལས་ཤག སྤྱི་པའི་བོགས་གཏོང་ཁང་པ། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་བོགས་གཏོང་སྡོད་ཁང་གི་ཁ་གསབ་སོགས་ནང་དོན་གཙོ་བོར་བྱས་པའི་སྡོད་ཁང་འགན་ལེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལས་བྱེད་པ་དང་ལས་བཟོ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་འབྲིང་གི་ཁྱིམ་ཚང་། གྲོང་ཁྱེར་ནང་གླ་པར་ཡོང་མཁན་བཅས་ཀྱི་སྡོད་ཁང་གི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་པ་རེད།

འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཆེད། 2008ནས་2019ལོ་བར། ལྷོ་ཁ་གྲོང་ཁྱེར་གྱིས་དམིགས་ཚད་ནང་བཅུག་པའི་འགན་ལེན་རང་བཞིན་གྱི་སྡོད་ཁང་རྣམ་གྲངས་སྣ་ཚོགས་རིམ་རྩིས་ལྟར་ན་194དང་། ཁྱོན་སྡོད་ཁང་23189 སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་120བཅས་ཡོད་པའི་ནང་རྣམ་གྲངས་173གྱི་སྡོད་ཁང་16937སྤྱིར་ན་བསྐྲུན་ཟིན་པ་མ་ཟད། སྤོས་ཀྱང་ཟིན་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྡོད་ཁང་གི་དགོས་མཁོ་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།

ལམ་ལུགས་འགན་ལེན་བྱས་ཏེ། དམངས་ཕན་ཐབས་ཤེས་ལུགས་དང་མཐུན་ལ་གོ་རིམ་དང་ལྡན་པ།

“ཁུལ་ཆུང་འདི་ལྟ་བུའི་ནང་སྡོད་རྒྱུ་ཡོང་བ་བསམ་མྱོང་མེད”ཅེས་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་ཁྱིམ་གཞིས་ཀྱི་འགན་ལེན་སྡོད་ཁང་ནང་སྡོད་མཁན་རྒན་མོ་དབང་མོས་སེམས་འགུལ་ཆེན་པོས་བཤད།

སྡོད་ཁང་ཡག་པོ་ཞིག་བསྐྲུན་རྒྱུ་ནི་རྨང་གཞི་ཁོ་ན་ཙམ་རེད། ཇི་ལྟར་བྱས་ནས་ཁྲིམས་དང་སྒྲིག་སྲོལ་བཞིན་ཁང་པ་བོགས་མར་གཏོང་བ་དང་ཕྱིར་ཚོང་བྱེད་པའི་ཐད་གཞུང་དྲང་དང་། དྲང་གཞག ཡོངས་བསྒྲགས་བཅས་བྱེད་དགོས་པ་མ་ཟད། དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྡོད་ཁང་ནང་བློ་བདེ་པོས་སྡོད་ཐུབ་པ་བྱེད་པའང་མང་ཚོགས་ཚོས་དོ་ཁུར་བྱེད་པའི་དོ་གནད་ཡིན་ལ། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཀྱང་རེད།

ལྷོ་ཁ་གྲོང་ཁྱེར་སྡོད་ཁང་འཛུཌ་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་ཀང་རུའུ་ཡིས“དམངས་འཚོའི་འདུ་འགོད་ནི་དམངས་སེམས་དང་དམངས་ཀྱི་འདོད་བློའི་མཚོན་བྱེད་ཅིག་ཡིན་པས། འགན་ལེན་རང་བཞིན་གྱི་སྡོད་ཁང་བགོ་བཤའ་དང་དོ་དམ་ལས་དོན་བདེ་བླག་ངང་སྤེལ་ཐུབ་ཆེད། ང་ཚོས་དོན་དངོས་དང་ཟུང་འབྲེལ་གྱིས་《གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་ཤོས་ཁྱིམ་ཚང་གི་ཁང་གླ་ཁེ་བའི་སྡོད་ཁང་དོ་དམ་གྱི་ཞིབ་སྲོལ》དང་། 《གྲོང་ཁྱེར་ཐད་གཏོགས་ཏང་སྲིད་ལས་ཁུངས་ཀྱི་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་ལས་ཤག་དོ་དམ་བྱ་ཐབས》 《སྤྱི་པའི་བོགས་གཏོང་སྡོད་ཁང་གི་དོ་དམ་བྱ་ཐབས》སོགས་བཟོས་པ་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་དོ་དམ་ཐད་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད”ཅེས་བཤད།

འཆར་འགོད་ཧུར་ཐག་བྱས་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་བདེ་སྐྱིད་སྐྲུན།

འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུཌ་སྐྲུན་དོ་དམ་ལས་དོན་དེ་ཕྱོཌ་གཅིག་ནས་དམངས་སེམས་དང་དམངས་ཀྱི་འདོད་བློ་དང་འབྲེལ་བ་ཡོད་ལ། ཕྱོཌ་གཞན་ཞིག་ནས་ཞི་མཐུན་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད་པས་དོན་སྙིང་གལ་ཆེན་ལྡན་ཡོད།

ལྷོ་ཁ་གྲོང་ཁྱེར་གྱི་སྡོད་ཁང་འགན་ལེན་དེ་མེད་པ་ནས་ཡོད་པའི་བར་དང་། གཞི་རྩའི་འགན་ལེན་ནས་ཕྱོགས་ཡོངས་ལ་ཁྱབ་ཅིང“ལས་ཤག་དང་། སྤྱི་པའི་བོགས་གཏོང་སྡོད་ཁང་། ཁང་གླ་ཁེ་བའི་སྡོད་ཁང་། སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་གཙོ་བོར་བྱེད་པའི”གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་གི་མཁོ་སྤྲོད་མ་ལག་སྐྲུན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་འབྲིང་ཁྱིམ་ཚང་འགན་ལེན་བྱེད་དགོས་རིགས་འགན་ལེན་བྱས་པ་དང་། ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ། གསར་དུ་ལས་ཞུགས་ཐུབ་པའི་ལས་བཟོ་དང་། དེ་བཞིན་ཕྱི་ནས་ཡོང་བའི་ལས་མི་བཅས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱབ་ཁོངས་སུ་བཅུག་ནས། ལྷོ་ཁའི་ཁྱད་ཆོས་ལྡན་པ་དང་རིམ་པ་མང་བའི་སྡོད་ཁང་འགན་ལེན་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་6252སྐྲུན་བཞིན་ཡོད། སྐྲུན་ཟིན་རྗེས་གསར་དུ་ལས་ཞུགས་ཐུབ་པའི་མི་སྣ་དང་། ཕྱི་ནས་ཡོང་བའི་ལས་མི། ལས་བྱེད་པ་དང་ལས་བཟོ་དཀྱུས་མ་སོགས་ཀྱི་སྡོད་ཁང་གི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།