《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月17日

ཁྱིམ་ཚང་ཆུང་ངུ་ནས་དྲོ་སྐྱིད་ཆེན་པོ་ཚོར།

—— ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོར་ཡུག་འཕྲོད་བསྟེན་བཟོ་པ“ཨ་ཅག་ཁྱིམ་ཆུང”གི་སྐོར་བཀོད་པ།

“ཨ་ཅག་ཁྱིམ་ཆུང”དུ་གློག་ཐབ་དང་། སྨན་བཅོས་སྒམ་ཆུང་། དྲོད་ལེན་འཕྲུལ་ཆས། ཁབ་སྐུད་སྒམ་ཆུང་། ཆར་གདུགས། ཇ་དམ། དཔེ་དེབ་སོགས་སློབ་སྦྱོང་ཡོ་ཆས་དང་འཚོ་བའི་མཁོ་ཆས་ཁག་གཅིག་བསྒྲིགས་ཡོད། ཁང་བྱིའུ་ཆུང་ཡང་ནང་ཁྲོལ་ཚང་བའི་དཔེ་ལྟར། “ཨ་ཅག་ཁྱིམ་ཆུང”ནང་དྲོ་སྐྱིད་དང་གཅེས་སེམས་ཀྱི་རྣམ་པས་ཁེངས།

ཁོར་ཡུག་འཕྲོད་བསྟེན་བཟོ་པ་ངལ་གསོ་དཀའ་བ་དང་། ཆུ་འཐུང་དཀའ་བ། གསང་སྤྱོད་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏག་ཏིག་བྱ་ཆེད། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཟོ་པའི་ངལ་གསོ་ཁང་19དྲོ་སྐྱིད་ལྡན་པའི“ཨ་ཅག་ཁྱིམ་ཆུང”དུ་བསྐྲུན་པ་རེད། ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཅིངས་འགྲོལ་ནུབ་ལམ་དྲན་གསོའི་རྡོ་རིང་གི་ཁོར་ཡུག་འཕྲོད་བསྟེན་བཟོ་པའི་ངལ་གསོ་ཁང་དུ་ཁོར་ཡུག་འཕྲོད་བསྟེན་བཟོ་པའི“ཨ་ཅག་ཁྱིམ་ཆུང”གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།

“ཉེ་དུས། ང་ཚོས་སྨྱན་སྦྱོར་ཚན་པ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ལ་ཁོར་ཡུག་འཕྲོད་བསྟེན་བཟོ་པར་ཆར་རླུང་གཡོལ་ས་ཞིག་བསྐྲུན་རྒྱུའི་གྲོས་འགོ་བཏོན་པར། ལྷ་ས་གྲོང་ཨུད་དང་སྲིད་གཞུང་གིས་ཁས་ལེན་ཐོབ་པ་དང་འབྲེལ་གཅེས་སེམས་ཁེ་ལས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་བྱུང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་19ཡི་ངལ་གསོ་ཁང་གི་རྨང་གཞིའི་ཐོག‘ཨ་ཅག་ཁྱིམ་ཆུང’བཙུགས་ཏེ་ཁོར་ཡུག་འཕྲོད་བསྟེན་བཟོ་པར་དཔེ་དེབ་དང་། སྨན་བཅོས་སྒམ་ཆུང་། དྲོད་ལེན་འཕྲུལ་ཆས། ཆར་གདུགས། ཇ་དམ་སོགས་སྒོར་ཁྲི་4ཡི་སློབ་སྦྱོང་ཡོ་ཆས་དང་འཚོ་བའི་མཁོ་ཆས་སྤྲད་པ་རེད། ‘ཨ་ཅག་ཁྱིམ་ཆུང’བཙུགས་པ་ནི་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྒྱུར་བཅོས་བྱས་རྗེས། བུད་མེད་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་ཚོད་ལྟ་འཚོལ་ཞིབ་བྱས་པ་ཞིག་ཡིན་པ་དང་། ཚོད་ལྟ་བྱས་རྗེས‘ཨ་ཅག་ཁྱིམ་ཆུང’རྫོང་དང་ཆུས་བརྒྱད་དང་ནུས་པའི་ཁུལ་དུ་ཁྱབ་གདལ་བཏང་སྟེ་གཞི་རིམ་གྱི་བུད་མེད་མང་ཚོགས་དེ་བས་མང་བར་ཕན་ཐོགས་རྒྱུ་རེད”ཅེས་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་བྱམས་པ་ཚེ་སྐྱིད་ཀྱིས་བརྗོད།

“འཐབ་ཕྱོགས་དང་པོའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཞིག་ཡིན་པའི་ངོས་ནས་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གཅེས་སེམས་ཁེ་ལས་ཀྱིས་ང་ཚོར‘ཨ་ཅག་ཁྱིམ་ཆུང’བཙུགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་། ད་དུང་ང་ཚོར་འཚོ་བ་དང་སློབ་སྦྱོང་ཡོ་ཆས་དེ་འདྲ་མང་པོ་ཞིག་བཀོད་སྒྲིག་བྱས་པས། ང་ཚོའི་རྒྱུན་གཏན་གྱི་དགོས་མཁོ་བསྐངས་ཐུབ་བྱུང་། སླད་ཕྱིན་ང་ཚོས་སྔར་བས་འབད་བརྩོན་བྱས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན་པ་དང་། ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་འདོན་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་མ་འཇོག་ཅེ་ཏ་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་ཚད་ཡོད་ཀུང་སིའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་བསོད་ནམས་བདེ་སྐྱིད་ཀྱིས་དགའ་ཚོར་ཆེན་པོའི་ངང་བཤད།

སྒོ་བྱང་འགེལ་བའི་མཛད་སྒོ་འཚོག་ཡུལ་དུ། ལྷ་ས་གྲོང་ཁྱེར་གྱི་ཧོའུ་པའེ་དང་ཧོའུ་ལན་སྨན་ཁང་གི་སྨན་དོན་མི་སྣས་ད་དུང་ས་གནས་ས་ཐོག་ཏུ་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཚོར་རིན་མེད་འོས་འགན་སྨན་བཅོས་བྱས་པ་དང་། ཁོང་ཚོའི་གཟུགས་པོའི་དྲོད་ཚད་འཇལ་བ་དང་ཁྲག་ཤེད་བལྟས་ནས། ཁོར་ཡུག་འཕྲོད་བསྟེན་བཟོ་པས་བློ་འདྲི་བྱས་པའི་བདེ་ཐང་གི་གནད་དོན་ལ་ལན་ཞིབ་ཚགས་བརྒྱབ་སྟེ། འཐབ་ཕྱོགས་དང་པོའི་བཟོ་པ་ཚོར་དཀའ་སྤྱད་ངལ་རྩོལ་བྱེད་པ་དང་དུས་མཚུངས་སྤྱི་ཚོགས་ཀྱི་དོ་ཁུར་མྱོང་ཚོར་ཏན་ཏིག་ཐུབ་པ་བྱས་ཡོད་པ་རེད།