《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月16日

རང་ལྗོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགན་ལེན་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་བོད་ལྗོངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། 2017ལོ་ནས་2019ལོའི་ལོ་མཇུག་བར། བོད་ལྗོངས་དངུལ་ཁང་གིས་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཐོ་1000བཟོས་ནས་གླ་ཆའི་གཱ་52918སྤྲད་པ་དང་། མི་ཐེངས་36032ལ་གླ་ཆ་ཚབ་སྤྲོད་བྱས་པར་རིམ་རྩིས་བྱས་ན་ཚབ་སྤྲོད་མ་དངུལ་སྒོར་དུང་ཕྱུར་9.37ཟིན་ཡོད། ལས་སྟེགས་སུ་ཁེ་ལས་764ཐོ་འགོད་བྱས་པ་དང་རྣམ་གྲངས་ཀྱི་ཆ་འཕྲིན་422བཅུག་པ་དང་མི་སྣའི་ཆ་འཕྲིན་1500ལྷག་ཙམ་བཅུག་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་11པར། རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་དངུལ་ཁང་ལ་ལྗོངས་ཡོངས་ཀྱི་ཨར་པོ་བའི་མིང་དངོས་ལམ་ལུགས་དོ་དམ་ལས་སྟེགས་གཏོད་རྒྱུའི་མངགས་བཅོལ་བྱས་ཤིང་། 2019ལོའི་ཟླ་3པར། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དང་། མི་སྤྱི་ཐིང་། འཕེལ་སྒྱུར་ཨུ་ལྷན། ཆུ་བེད་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག 《ལྗོངས་ཡོངས་ཀྱི་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཨར་པོ་བའི་མིང་དངོས་ལམ་ལུགས་དོ་དམ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། 2019ལོའི་ཟླ་4པ་ནས་བཟུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲིམས་ལྟར་ཨར་རྒྱག་གི་ཆོག་མཆན་ནམ་ཡང་ན་ཨར་པོ་རྒྱག་འགོ་ཚུགས་པའི་སྙན་ཞུ་རག་པའི་སྡོད་ཁང་དང་། གྲོང་སྲིད། ནུས་རྒྱུ། ཆུ་བེད་སོགས་སྐྲུན་བཞིན་པའི་ལས་གྲྭ་ཚང་མར་ཨར་པོ་བའི་མིང་དངོས་ལམ་ལུགས་དོ་དམ་དང་ཁོ་ཚོའི་གླ་ཆ་དངུལ་ཁང་གིས་ཚབ་སྤྲོད་ཚོད་ལྟ་བྱེད་རྒྱུའི་བླང་བྱ་བཏོན་ཡོད།