《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月16日

ཆབ་མདོ་གྲོང་ཁྱེར་གྱིས།

སྔོན་ཐོན་གཉིས་ལྡན་དུད་སྦྲེལ་ལ་གཟེངས་བསྟོད་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གྱི་2019ལོའི་ལོ་འཁོར་གྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ཆབ་མདོ་གྲོང་ཁྱེར་ཁམས་པའི་རིག་གནས་འཁྲབ་རྩལ་ལྟེ་གནས་སུ་འཚོགས་པ་དང་། སྔོན་ཐོན་མཉམ་སྡེབ་45དང་། དུད་སྦྲེལ་ཚན་པ་66གི་ཁྱིམ་ཚང་642 ཕུལ་བྱུང་གི་གནམ་གཤིས་ཆ་འཕྲིན་པ་11 ཕུལ་བྱུང་གི་དམངས་འཚོའི་ཆ་འཕྲིན་པ་30 ཕུལ་བྱུང་གི་ལས་དོན་པ་41བཅས་ལ་གཟེངས་བསྟོད་བྱས་པ་རེད།