《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月16日

རང་སྐྱོང་ལྗོངས་ཀྱིས།

ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་བརྙན་ལམ་སྐུལ་སྤེལ་ཚོཌ་འདུ་འཚོཌ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་14ཉིན་གནས་ཚུལ་འབྱོར་གསལ། རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚེས་13ཉིན་གྱི་ཕྱི་དྲོར། རང་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོཌ་ཆུང་གི་བརྙན་ལམ་སྐུལ་སྤེལ་ཚོཌ་འདུ་འཚོཌ་ནས་ལས་དོན་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། འདི་ལོའི་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧོ་ཝུན་ཧའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཀྲུའུ་ཡཱ་ཕིང་ཚོགས་འདུར་ཞུགས་པ་རེད།

ཧོ་ཝུན་ཧའོ་ཡིས། ཁྲིམས་ལྟར་ཆད་གཅོད་ནན་པོ་དང་རྩ་ལག་མཉམ་བཅོས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། བོད་ཀྱི་ལྗོངས་བབ་དང་ཟུང་འབྲེལ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་ཚད་མཐོའི་ཆབ་སྲིད་ཀྱི་རང་འགུལ་ཐོག་ནས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གྱོད་དོན་རྩད་ཆོད་ཀྱི་འགག་སྒྲོལ་ཟབ་ཏུ་གཏོང་བ་དང་ཁུངས་སྣེ་བསྡུ་རུབ་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་འཐབ་རྩོད་གཏིང་ཟབ་དང་མཐར་ཕྱིན་པ་བྱེད་དགོས། “རྒྱབ་རྩ་གཏོར”ཤུགས་ཟབ་ཏུ་གཏོང་བ་དང་། “ཕུང་འདྲེ”རྩ་མེད་མཐར་ཕྱིན་པ་བཟོ་བ། “སྒྲོན་འོག་མུན་པའི”གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱེད་དགོས། ཆེད་དོན་བཅོས་སྒྲིག་ཟབ་ཏུ་བཏང་ནས་ལས་རིགས་ཀྱི་སྣང་ཚུལ་ཟང་ཟིང་རྩ་བཅོས་མཐར་ཕྱིན་པ་བྱེད་དགོས། ཕུགས་ཕན་རྒྱུན་བཅོས་ཟབ་ཏུ་བཏང་ནས་ནག་སེལ་གཤེད་བཅོམ་ལས་དོན་གྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་དགོས། འགན་འཁྲི་རྩད་ཆོད་དང་བདའ་འདེད་ཟབ་ཏུ་གཏོང་བ་དང་ལྡོག་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཏེ་གནད་དོན་ཐོན་བཟོ་ཡོད་དུས་ནས་ཐག་གཅོད་བྱེད་དགོས། ལྟ་བཤེར་དཔྱད་བསྡུར་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པར་ལྟ་སྐུལ་མཛུབ་ཁྲིད་དང་ཆེད་དོན་འཐབ་རྩོད་ལས་དོན་ལ་སྐུལ་འདེད་གཏོང་རོགས་བྱེད་པར་དཔྱད་ཞིབ་བྱས་ཏེ། ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།