《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月16日

ལྗོངས་ཐད་གཏོཌ་ཀྱི་དྲིལ་བསྒྲཌ་བསམ་བློ་དང་རིག་གནས་ཁོངས་གཏོཌ་ཀྱིས།

ཆེད་དོན་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཐད་གཏོགས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁོངས་གཏོགས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།

སྤེན་པ་བཀྲ་ཤིས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་མིག་མངས་བསྒྲིག་སྐོར་གཅིག་གི་བསམ་བློ་འཛུགས་པ་དང་འདི་ལོའི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོ་བྱེད་པ། དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ཏེ་ལོ་འཁོར་མོའི་ལས་དོན་འཆར་འགོད་ཡག་པོ་བྱས་ནས། རང་འགུལ་ངང་ལས་དོན་སྤེལ་བ་དང་། གསར་འབྱེད་གསར་གཏོད་ཀྱིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཁག་སྤྱི་ཡོངས་ཁྲོད་སྤེལ་བ་དང་དུས་ཀྱི་འཕེལ་ཕྱོགས་ཁྲོད་སྐུལ་འདེད་གཏོང་དགོས། འཆར་འགོད་ལས་ཀའི་གཙོ་གནད་མངོན་གསལ་དོད་པོས་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཆབས་ཅིག ལོ་རེའི་ལས་དོན་ལ་གཙོ་གནད་ཡོད་པར་བྱས་ཏེ་སྡེ་ཚན་རེ་རེས་དཀའ་གནད་ཁག་གཅིག་ཐག་གཅོད་བྱེད་པ་དང་གཙོ་གནད་ལས་དོན་ཁག་གཅིག་ལ་སྐུལ་འདེད་གཏོང་བ་ལོ་ལྟར་རྒྱུན་འཁྱོངས་བྱས་ཚེ་ང་ཚོའི་བྱ་གཞག་མདུན་ཕྱོགས་སུ་གོམ་པ་ཆེན་པོ་སྤོ་ཐུབ། ལས་དོན་འཆར་འགོད་ལ་མང་གྲོས་བློ་བསྡུ་བྱས་ཏེ་འགོ་ཁྲིད་གཙོ་བོས་རང་ངོས་ནས་བསམ་གཞིག་བྱེད་པ་དང་ལག་པ་སྒུལ་བ་དང་ཚན་ཁག་གི་ཁོངས་མིས་བསམ་ཕྱོགས་མཁོ་འདོན་གྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་གྲུབ་པར་བྱས་ནས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ལས་དོན་སྤེལ་སར་ལས་དོན་སྤེལ་དགོས། ལས་དོན་འཆར་འགོད་ལ་འཆར་གཞི་གཏིང་ཟབ་འགོད་པ་དང་། ཞིབ་ཚགས་པོ་བྱེད་པ། ཏན་ཏིག་བྱེད་པ། བསམ་ཕྱོཌ་གསལ་པོ་བྱེད་པ། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ཏེ་འཆར་འགོད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)