《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月15日

གྲོང་སྡོད་ལས་དོན་སྒྲུབ་སྐབས་གྲོང་ཚོར་བྱ་བ་དངོས་དང་བྱ་བཟང་མང་ཙམ་སྒྲུབ་རོཌ་བྱེད་དགོས།

སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་ནི། ལྗོངས་ཏང་ཨུད་ཀྱིས་དུས་བབ་གསར་པར་མང་ཚོགས་ལས་དོན་ལ་འཚོལ་ཞིབ་ཧུར་ཐག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་གཏོང་འགན་ལེན་བཅས་ལ་དམིགས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་རེད།

མིག་སྔ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དུས་ཡིན་པས་གྲོང་སྡོད་ལས་བྱེད་པ་ཚོས་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་། འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་བཏང་ནས་གྲོང་ཚོ་རིམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་རམ་བྱེད་མཁན་གྱི་ལས་བྱེད་པ་ཞིག་བྱེད་དགོས།

ཐབས་ཤེས་དང་ལས་དོན་སྤེལ་སྟངས་ལ་སྣང་ཆེན་བྱེད་དགོས། ལས་དོན་སྒྲུབ་སྟངས་ཡག་པོ་བྱུང་ན་ངལ་བ་ཆུང་ལ་གྲུབ་འབྲས་ཆེ་བའི་ཕན་འབྲས་ཐོན་ཐུབ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ཡིན་ནའང་འདྲ་ཡང་ན་མང་ཚོགས་དཀྱུས་མ་གང་ཞིག་ཡིན་རུང་ཚང་མས་ངང་རྒྱུད་རིང་པོས་འབྲེལ་བ་བྱས་ནས་གནས་ཚུལ་གྱི་འབྱུང་རྩ་གསལ་པོ་ཤོད་པ་དང་། ལས་དོན་གྱི་འཆར་གཞི་ཡག་པོ་གླེང་བ། རིམ་བཞིན་མཛུབ་ཁྲིད་བྱེད་མཁས་པ་དང་སུན་སྣང་སྤུ་ཙམ་ཡང་མེད་པ་བཅས་ཀྱི་ཐོག་ནས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ་དང་། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་ནས་འགོ་བཙུགས་ཏེ་ཚང་མ་མང་ཚོགས་ལ་ཕྱོགས་ནས་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་དང་ལེན་བྱེད་བདེ་ཤོས་ཀྱི་ཐབས་ལམ་སྤྱད་ནས་གནད་དོན་ཐག་གཅོད་བྱས་ཚེ་གཞི་ནས་གནད་དོན་མང་པོ་ཞིག་ལས་སླ་པོར་ཐག་གཅོད་ཐུབ་སྲིད།

དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཕྱོགས་གཅིག་ནས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོའི་སྤྱིའི་དམིགས་ཚད་དང་། ལས་འགན། བླང་བྱ་བཅས་ལ་གཞིགས་ནས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རོགས་དང་། སྔོན་ཐོན་གྱི་སྟོབས་ཤུགས་སྐྱེད་སྲིང་བྱེད་རོགས། རྩ་འཛུཌ་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རོགས་བཅས་བྱས་ནས་གཞི་རིམ་ལ“ནམ་ཡང་གནས་ཐུབ་པའི”ལས་དོན་རུ་ཁག་ཅིག་འཇོག་དགོས་པ་དང་། གཉིས་ནས་མང་ཚོགས་ལ་འཚམས་འདྲི་བྱེད་པ་དང་དམངས་ཀྱི་གནས་ཚུལ་དང་ཆ་འཕྲིན་འཚོལ་བསྡུ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་མང་ཙམ་ཉན་པ་དང་། དོན་དངོས་གནས་ཚུལ་ཤེས་རྟོགས། བཅའ་སྡོད་གྲོང་ཚོའི་དོན་དངོས་ནས་འགོ་འཛུགས་པ། མང་ཚོགས་ཀྱི་དགོས་མཁོར་དབྱེ་ཞིབ་ནན་ཏན་དང་ཤེས་རྟོགས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་ཐོག་འཇོག་པ་བཅས་བྱས་ཏེ། མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་བྱ་བ་དངོས་དང་བྱ་བཟང་ཁག་གཅིག་བསྒྲུབས་ནས། མང་ཚོགས་ཚོར་འགྱུར་ལྡོག་གསར་པ་ཚོར་བ་དང་ཕན་པ་གསར་པ་ཐོབ་ཐབས་བྱེད་དགོས་པ་ལས། སྟོང་གཏམ་དང་འུད་གཏམ་སོགས་གཏན་ནས་ཤོད་མི་རུང་། དེ་ལྟར་བྱས་ཚེ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐུབ་ལ་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཡང་བཟང་པོ་ཞིག་ཆགས་ཐུབ།

(པ་ཕན་གྱིས་བསྒྱུར། རིག་རྡོར་དང་པ་ཕན་གྱིས་ཞུས)