《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

རང་ལྗོངས་ཀྱི་གྲོང་རྡལ་གསུམ་ལ་རྒྱལ་ཁབ་ཀྱི་ལོ་རྒྱུས་ རིག་གནས་གནའ་གྲོང་གི་ཆོག་མཆན་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། 2019ལོར་རང་ལྗོངས་ཀྱི་གཏིང་སྐྱེས་རྫོང་གི་འདྲེན་ཐང་གྲོང་རྡལ་དང་། གོང་དཀར་རྫོང་གི་ལྕེ་བདེ་ཞོལ་གྲོང་རྡལ། རྩྭ་མདའ་རྫོང་གི་མཐོ་ལྡིང་གྲོང་རྡལ་བཅས་ལ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གནའ་བོའི་གྲོང་རྡལ་གྱི་ཆོག་མཆན་ཐོབ་པ་རེད།

མིག་སྔར་རང་ལྗོངས་སུ་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གནའ་བོའི་གྲོང་ཁྱེར་3དང་། ལོ་རྒྱུས་རིག་གནས་གནའ་བོའི་གྲོང་རྡལ་5 ལོ་རྒྱུས་རིག་གནས་གྲོང་ཚོ་4ཡོད་པ་རེད།

2019ལོར་རང་ལྗོངས་ཀྱིས་ཆེད་དོན་མ་དངུལ་སྒོར་ཁྲི་38.28བཏང་ནས་གྲོང་ཁྱེར་དང་ས་ཁུལ་ཁག་སྒྲིག་འཛུགས་བྱས་ཏེ་ལྗོངས་ཡོངས་ཀྱི་ལོ་རྒྱུས་ཀྱི་ཁྲོམ་ཁུལ་དབྱེ་འབྱེད་གཏན་འཁེལ་དང་ལོ་རྒྱུས་ཀྱི་སྐྲུན་དངོས་གཏན་འཁེལ་གྱི་ལས་དོན་སྤེལ་བ་རེད། ལྗོངས་ཡོངས་ཀྱིས་ལོ་རྒྱུས་ཀྱི་ཁྲོམ་ཁུལ་5དང་ལོ་རྒྱུས་ཀྱི་སྐྲུན་དངོས་291རེ་ཞུ་བྱས་པ་དང་། གྲོང་ཚོ་16ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ནང་ཚུད་པ་རེད།