《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ལྷ་ཉིང་ལྕགས་ལམ་གྱི་གློག་རླངས་ཅན་གྱི་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ།

↑ འདི་ནི་ཡར་ཀླུང་གཙང་པོའི་མིང་ཙེ་ཟམ་ཆེན་དུ་གློག་རླངས་ཅན་གྱི་ལས་གྲྭ་སྐྲུན་བཞིན་པ།

↑འདི་ནི་བཟོ་པས་ལྷ་ཉིང་ལྕགས་ལམ་གྱི་གྲ་ཕྱི་བབས་ཚུགས་ནས་རྩེད་ཐང་བབས་ཚུགས་བར་གྱི་གློག་རླངས་ཅན་གྱི་ལས་གྲྭ་སྐྲུན་བཞིན་པ།

ཉིན་ཤས་གོང་། ལྷ་ཉིང་ལྕགས་ལམ་གྱི་གློག་རླངས་ཅན་གྱི་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་ཤིང་། ཟླ་1ཚེས་3ཉིན་བར། ལྷ་ཉིང་ལྕགས་ལམ་གྱི་འབྲེལ་མཐུད་གློག་དྲའི་ལྕགས་སྒྲོམ་76%སྒྲིག་སྦྱོར་ཟིན་ཡོད། ཁྱོན་རིང་ཚད་ལ་སྤྱི་ལེ་435.48ཡོད་པ་དང་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་པའི་ལྷ་ཉིང་ལྕགས་ལམ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད།