《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月13日

ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་དང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུའི་ཐོག

“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”དེ་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩིས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་གཙོ་བོ་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་དམིགས་ཏེ་རང་རྟོགས་ངང་ཚད་གཞི་དང་ཡང་ཡང་བསྡུར་བ་དང་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ལས་འགན་ཁག་བགོས་ཁྱབ་ཁོངས་དང་ཟུང་འབྲེལ་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པའི་མཐོ་ཚད་ཐོག་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་མངོན་གསལ་དོད་པའི་ཕན་འབྲས་ཕྱོགས་སྡོམ་གནང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱེད་པའི་ཐད་དམིགས་སུ་བཀར་ནས་བཀོད་སྒྲིག་གལ་ཆེན་གནང་བ་དང་བླང་བྱ་ཁ་གསལ་བཏོན་གནང་བས། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། དད་སེམས་བརྟན་དུ་གཏོང་བ། རང་འགན་ཐེག་པ་འཁུར་ལེན། ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ། ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་བཏང་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”དེ་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩིས་ཏེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཡག་པོ་བྱས་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པར་སྣེ་ཡག་པོ་འཁྲིད་དགོས།

གཅིག་ནས“སྲུང་སྐྱོང་གཉིས”ཀྱི་མིག་དཔེ་བྱེད་དགོས། “སྲུང་སྐྱོང་གཉིས”ཁ་གསལ་གྱི་ཆབ་སྲིད་ཚད་གཞི་དང་རྩ་བའི་ཆབ་སྲིད་བླང་བྱར་བརྩིས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་ལས་དོན་མཐའ་དག་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀའ་རྒྱ་ལྟར་སྒྲུབ་པ་དང་བྱ་བ་ཐམས་ཅད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་དོན་འཁྱོལ་བྱས་ནས་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པ་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་དམིགས་བསལ་གྱི་གཟིགས་སྐྱོང་འོག་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཡོངས་ས་ཆ་གཞན་དག་གི་མང་ཚོགས་ཚོས་ལོངས་སྤྱོད་མ་ཐུབ་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་པ་དང་ཐོན་སྐྱེད་དང་འཚོ་བའི་འཕོ་འགྱུར་ཆེན་པོ་སྤྱད་དེ་མང་ཚོགས་ལ་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

གཉིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྦྱོང་བའི་མིག་དཔེ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གལ་ཆེ་ཤོས་སུ་བཟུང་ནས་རྒྱུན་དུ་སྦྱོང་བ་དང་གཏིང་ཟབ་སྦྱངས་ནས། མར་ཁེ་སིའི་རིང་ལུགས་ཀྱི་དད་སེམས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་གནད་འཁེལ་དང་ལས་ཀའི་རྩ་དོན་གྱི་རང་བཞིན་དང་ཆོས་ཉིད་ཀྱི་རང་བཞིན་ཆེ་རུ་ནུས་ལྡན་གཏོང་དགོས། རང་ངོས་ཀྱི་སློབ་སྦྱོང་ལ་དམ་འཛིན་བྱེད་པ་དང་དུས་མཚུངས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། དམངས་ལ་བརྩེ་བ་བཅངས་ནས་ཐོག་མའི་བསམ་འདུན་སྐྱོང་བ། བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལ་བརྟེན་ནས་འགན་འཁྲིར་སྣེ་ཁྲིད་བྱེད་པ། འགན་འཁྲི་ཁུར་བ་དང་བྱས་རྗེས་བཞག་ནས་ལྷག་བསམ་མངོན་པ་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

གསུམ་ནས་ཐོག་མའི་བསམ་འདུན་ལ་ཟམ་མི་ཆད་པར་ཞུན་བརྡར་སྤྲོས་པའི་མིག་དཔེ་བྱེད་དགོས། ཕུགས་བསམ་དང་དད་སེམས་ཀྱི“འགག་སྒོ་ཨ་མར”སྟངས་འཛིན་ནན་པོ་བྱེད་པ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་བྱེད་པ། དཀའ་སྡུག་དང་ཚོད་བགམ་གྱི་མདུན་དུ་དཔའ་མི་ཞུམ་པ། བསླུ་བྲིད་སྣ་ཚོགས་ཀྱི་མདུན་དུ་ལངས་ཕྱོགས་བརྟན་པ་བཅས་བྱས་ཏེ། འགག་རྩའི་དུས་སུ་ཏང་གིས་བློས་འགེལ་ཆོག་པ་དང་། ཏང་གིས་བློ་གཏད་ཆོག་པ། ཏང་བློ་བདེ་པོ་བཅས་ཡོང་བར་བྱེད་དགོས།

བཞི་ནས་དམངས་ལ་ཞབས་འདེགས་ཞུ་བའི་མིག་དཔེ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ་བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམ་འཛིན་ནན་པོ་དང་། རྙོག་དྲ་དང་དཀའ་ངལ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་པ་མཐའ་འཁྱོངས་ཀྱིས་མང་ཚོགས་གཉེན་ཉེར་བརྩི་བ་དང་མང་ཚོགས་ཀྱི་ལས་དོན་རང་ཉིད་ཀྱི་ལས་དོན་ལ་བརྩིས་ནས་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གང་ཐུབ་ཅི་ཐུབ་དང་། འཁོས་དཔག་ལས་སྒྲུབ། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་ལས་མང་ཙམ་སྒྲུབ་པ་ལས་གཡང་རྩེའི་སྟེང་ལ་ཡས་སྒྲོན་རྒྱག་པ་ལྟ་བུའི་ལས་ཉུང་ཙམ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

ལྔ་ནས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་མིག་དཔེ་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འགག་སྒྲོལ་བྱེད་ཕོད་པ་དང་མཁར་གཏོར་ས་བཟུང་ཕོད་པ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། “བརྟན་པོ་དྲུག”གི་བླང་བྱ་དོན་འཁྱོལ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཚབས་ཆེན་མི་ལྷག་པར་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་བྱེད་པ་དང་གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་ཧུར་ཐག་བྱས་ནས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་དར་ཆ་གསལ་སྟོན་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་བཟོས་པའི་ཤུགས་རྐྱེན་ངན་པ་བསལ་ནས་མང་ཚོགས་ཚོར་ཚོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་སྟེ་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར”སྔར་བས་སྐུལ་འདེད་གཏོང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་རི་ཆུ་ནགས་ཞིང་མཚོ་རྩྭ་ཐང་བཅས་ལ་སྤྱི་འདོམས་བཅོས་སྐྱོང་བྱས་ནས་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས“བརྟན་པོ་འཛུགས་དགོས་པ་གསུམ”ཐོག་མཐའ་བར་གསུམ་དུ་ཐུབ་པར་བྱས་ཏེ་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། ལས་བྱེད་པར་འགན་འཁུར་ཕོད་པ་དང་ལས་ཀ་བྱེད་པར་ལྕག་སྐུལ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ལས་ཀ་བྱེད་འདོད་པ་དང་། ལས་ཀ་བྱེད་ཐུབ་པ། ལས་རྗེས་ཐོན་པ་བཅས་ཀྱི་མི་སྣར་གར་སྟེགས་དེ་བས་ཆེ་བ་གཏོད་དགོས།

དྲུག་ནས་ལམ་ལུགས་ལག་བསྟར་གྱི་མིག་དཔེ་བྱེད་དགོས། ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལས་ཀ་བྱེད་རིང་རང་རྟོགས་ངང་ལམ་ལུགས་ཁག་དང་ཡང་ཡང་བསྡུར་ཏེ་རང་རྟོགས་ངང་ལམ་ལུགས་ལ་གོང་བཀུར་དང་། ལམ་ལུགས་ལག་བསྟར་ནན་ཏན། ལམ་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱེད་དགོས།

བདུན་ནས་འཇོན་ཐང་ཆེ་རུ་གཏོང་བའི་མིག་དཔེ་བྱེད་དགོས། འཇོན་ཐང་མི་འདང་བའི་དངངས་འཚབ་དང་ཤེས་བྱ་ཞན་པའི་དངངས་འཚབ་ཆེ་རུ་བཏང་ནས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དང་མཐའ་གཅིག་ཏུ་འཐབ་རྩོད་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་རྒྱ་སྐྱེད་བཏང་ནས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་བྱེད་དགོས།

བརྒྱད་ནས་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་བྱེད་དགོས། རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་སྣེ་ཁྲིད་དང་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མི་དྲང་པོ་དྲང་གཞག་དང་ལས་དོན་ཏན་ཏན་ཏིག་ཏིག དཔོན་སྤྱོད་པ་གཙང་མ་བཅས་བྱེད་དགོས།

ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་ཏང་ཡོན་འགོ་ཁྲིད་བློ་མཐུན་དང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན། ས་ཨུད(གྲོང་ཨུད)ཁག་གི་ཧྲུའུ་ཅི་དང་སྲིད་འཛིན་ཀུང་ཧྲུའུ(སྲིད་གཞུང)ཡི་ཀྲོན་ཡོན(ཧྲི་ཀྲང)ཚོགས་འདུར་ཟུར་ཞུགས་གནང་བ་རེད།

(བསོད་བདེ་གཞོན་པ་དང་བསྟན་བློས་སྒྱུར་ཞུས་བྱས)