《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

ཕྱུགས་རིགས་ལ་དགུན་རྩྭ་ཡོད།

——— ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་རྩྭ་ལས་སུའོ་ཡི་རྩྭ་འདེབས་སྐོར་བཀོད་པ།

འདི་ནི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་མི་ཐབས་རྩྭ་ཐང་ཡིན་པ།

བོད་བྱང་ཐང་ས་བབ་མཐོ་བ་དང་རང་བྱུང་ཁོར་ཡུག་ཞན་པར་བརྟེན། རང་བྱུང་རྩྭ་ཐང་ཐོན་སྐྱེད་ལ་འགོག་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད། ལོ་མང་རིང་། གཟན་རྩྭ་མཁོ་སྤྲོད་མི་འདང་བ་དེ་ས་ཁོངས་འབྲོག་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་དུ་གྱུར་པ་མ་ཟད། ལོ་རྒྱུས་སོགས་ཀྱི་རྒྱུ་རྐྱེན་དང་སྦོལ་ཟིན་པའི་རྩྭ་ཐང་ལུགས་མཐུན་སྤྱོད་མི་ཐུབ་པའི་དབང་གིས། གྲམ་ཐང་དང་ཨ་བྲའི་ཚང་དུ་གྱུར་ཡོད།

2018ལོར། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རྩལ་ཁང་རྩྭ་ལས་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཝང་ཅིང་ལུང་གིས་ལག་རྩལ་ཚོགས་ཆུང་གི་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་རོང་གསེར་མདོ་གྲོང་ཚོར(ས་བབ་སྨི་4700)མི་ཐབས་རྩ་འདེབས་ཀྱི་ཚོད་ལྟའི་ཞིབ་འཇུག་དང་ལག་རྩལ་དཔེ་སྟོན་བྱས་པ་རེད།

ལག་རྩལ་ཚོགས་ཆུང་གིས་ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པའི་རྨང་གཞིའི་ཐོག་ལག་རྩལ་གྱི་ཇུས་གཞི་བཟོས་པ་དང་འབྲེལ། འདེབས་འཛུགས་འཆར་འགོད་ལེགས་སྒྲུབ་བྱས་ཁར། འདེབས་འཛུགས་འཕྲུལ་འཁོར་ཚོད་ལྟ་དང་སྒྲིག་སྦྱོར་བྱས་པ་དང་། འདེབས་འཛུགས་ཀྱི་གྲངས་ཚད་དང་གཏིང་ལུད་བསྡུར་ཚད་ཀྱི་ཇུས་གཞི་གཏན་འཁེལ་བྱས་ཏེ། འདེབས་འཛུགས་ལྷུ་ཚིགས་ཀྱི་འགག་སྒོ་ནན་པོ་བསྲུངས་པ་རེད།

བརྔ་བསྡུ་ཚར་རྗེས། ཚོད་རྩིས་བྱས་ན། མུའུ་རེ་ནས་རྩྭ་སོས་པ་སྤྱི་རྒྱ་2640.73དང་མུའུ་རེ་ནས་རྩྭ་སྐམ་པོ་སྤྱི་རྒྱ་644.08ཐོན་པ་དེ། ས་ཁུལ་དེའི་སྲོལ་རྒྱུན་འདེབས་འཛུགས་ཀྱི་རྩྭའི་ཐོན་ཚད་ལས་76.25%འཕར་བ་དེས་འབྲི་གཡག་དང་ལུག་གི་རྒྱུན་གཏན་གཟན་རྩྭ་འགན་ལེན་བྱུང་སྟེ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་མ་ཤུགས་ཆེན་ཐེབས་ཡོད།

རྣམ་གྲངས་ལག་བསྟར་གྱི་བརྒྱུད་རིམ་ནང་། ཚོགས་པས་ད་དུང་ཤན་རྩྭ་རྫོང་སོགས་རང་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཆར་འབྲོག་རྩྭ་འདེབས་ཚད་དང་། རྫས་ལུད་སྤྱོད་ཚད། གཏིང་ལུད་སྤྱོད་ཚད། འདེབས་འཛུགས་བྱེད་ཐབས་སོགས་འགག་རྩའི་ལག་རྩལ་འཚོལ་ཞིབ་བྱས་པར་བརྟེན། རྒྱ་མཚོའི་ངོས་ལས་ས་བབ་སྨི་4700ཡོད་པའི་ས་ཆར་རྩྭ་འདེབས་ཐུབ་པ་དང་། རྣམ་གྲངས་ལག་བསྟར་བྱེད་པར་འཚམ་པའི་ས་ཁུལ་དུ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་འབྲོག་རྩྭ་དང་རྩྭའི་སྣ་ཁ་འདེབས་པའི་བར་མཐོངས་ཆེ་རུ་ཕྱིན་པ། རྣམ་གྲངས་དཔེ་སྟོན་ཁུལ་གྱི་འབྲོག་རྩྭའི་སྣ་ཁ་གསར་བརྗེར་སྐུལ་མ་ཐེབས་ཡོད།