《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月12日

བློ་མཐུན་ཝང་ཝེ་ཏུང་གི་ལོ་རྒྱུས་མདོར་བསྡུས།

ཝང་ཝེ་ཏུང་། ཕོ། རྒྱ་རིགས། 1968ལོའི་ཟླ་5པར་སྐྱེས(ལོ་51) ཧྲན་ཤིས་ཝུན་ཧྲུའེ་བ། 1993ལོའི་ཟླ་11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1991ལོའི་ཟླ་8པར་ལས་ཀར་ཞུགས། སློབ་ཆེན་གྱི་སློབ་རྒྱུས་ལྡན། བཟོ་བཀོད་རབ་འབྱམས་པ།

1987.09—1991.08 བྱང་ཤར་ནོར་དཔལ་སློབ་ཆེན་རྩིས་པའི་ཚན་ཁག་གི་ནོར་དོན་དང་རྩིས་པའི་ཆེད་ལས་སློབ་སྦྱོང་གནང་།

1991.08—1992.08 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་ནོར་དོན་དོ་དམ་སིའི་ལས་བྱེད་པ་གནང་། (ཧོ་པེ་ཏེང་ཀྲོའུ་རུ་སྦྱོང་བརྡར་བྱེད་པར་མངགས)

1992.08—1998.09 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་ནོར་དོན་དོ་དམ་སིའི་གྲོན་དངུལ་ཁྲུའུ་ཡི་ཁོའོ་ཡོན་དང་། ཀྲུའུ་རེན་ཁོའོ་ཡོན་གཞོན་པ། ཀྲུའུ་རེན་ཁོའོ་ཡོན་བཅས་གནང་།

1998.09—1999.12 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་ནོར་དོན་དོ་དམ་སིའི་གྲོན་དངུལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་གནང་།

1999.12—2000.11 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་ནོར་དོན་དོ་དམ་སིའི་དངོས་ཟོག་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་གནང་། (དེའི་རིང་2000.04—2000.07བར་ཀྲུང་དབྱང་ཏང་གི་སློབ་གྲྭ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཡན་ལག་སློབ་གྲྭའི་རྒྱལ་ཁབ་དོ་དམ་ཅུས་ཏང་གི་སློབ་གྲྭའི་འཛིན་གྲྭར་སློབ་སྦྱོང་གནང)

2000.11—2003.01 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་ནོར་དོན་དོ་དམ་སིའི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྲིད་གཞུང་ཉོ་སྒྲུབ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་གནང་། (2002ལོའི་ཟླ་3པར་ཁྲུའུ་རིམ་པ་རྒན་པའི་གོ་གནས་བཞེས)

2003.01—2004.11 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་སྲིད་གཞུང་ཉོ་སྒྲུབ་ལྟེ་གནས་གཞུང་དོན་ཁང་གི་ཀྲུའུ་རེན་གནང་།

2004.11—2005.12 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་སྲིད་གཞུང་ཉོ་སྒྲུབ་ལྟེ་གནས་ཀྱི་ཀྲུའུ་རེན་ལས་རོགས་དང་ཉོ་སྒྲུབ་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་གཅིག་ལྕོགས་གནང་། (སི་རིམ་པ་གཞོན་པ)

2005.12—2006.11 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་སྲིད་གཞུང་ཉོ་སྒྲུབ་ལྟེ་གནས་ཀྱི་ཀྲུའུ་རེན་ལས་རོགས་དང་ཉོ་སྒྲུབ་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གཅིག་ལྕོགས་གནང་། (སི་རིམ་པ་གཞོན་པ)

2006.11—2010.12 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་ས་ཁང་ཐོན་ལས་དོ་དམ་སིའི་སི་ཀྲང་གཞོན་པ་གནང་།2004.09—2007.06ཝུའུ་ཧན་སློབ་ཆེན་རྩིས་འཁོར་མཉེན་ཆས་བཟོ་བཀོད་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དུ་ལས་ཐོག་སློབ་སྦྱོང་གནང་བ་དང་བཟོ་བཀོད་རབ་འབྱམས་པའི་སློབ་གནས་ཐོབ)

2010.12—2013.03 རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་ས་ཁང་ཐོན་ལས་དོ་དམ་སིའི་སི་ཀྲང་གནང་།

2013.03—2014.02 རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ས་ཁང་ཐོན་ལས་དོ་དམ་སིའི་སི་ཀྲང་གནང་།

2014.02—2014.03 རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཏང་ཙུའི་ཁོངས་མི་དང་ས་ཁང་ཐོན་ལས་དོ་དམ་སིའི་སི་ཀྲང་གཅིག་ལྕོགས་གནང་།

2014.03—2016.04 རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཏང་ཙུའི་ཁོངས་མི་དང་གཞུང་དོན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་གནང་།

2016.04—2018.06 ཀྲུང་དབྱང་སྒྲིག་ཨུད་ཀྱི་དྲུང་ཆེ་གཞོན་པ་དང་། ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་། ལས་ཁུངས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་བཅས་གནང་།

2018.06—2019.05 ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་པུའུ་རིམ་པ་གཞོན་པའི་སྐོར་གཟིགས་ཆེད་མི་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་དྲུང་ཆེ་གཞོན་པ། ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་བཅས་གནང་།

2019.05—2019.07 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གདམ་བྱའི་འོས་མི་བཅས་གནང་།

2019.07—ད་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ལས་ཚབ་ཀྲུའུ་རེན་བཅས་གནང་།