《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月11日

མིག་དམར་ནོར་བུ་ཡི།

ངལ་དུབ་ཆེ་ལ་སྤྲོ་སྣང་ལྡན་པའི་ལོ་གཅིག

མིག་དམར་ནོར་བུ་ནི་འབྲི་རུ་རྫོང་དབུ་མཐོང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ལས་དོན་རུ་ཁག་གི་རུ་དཔོན་རེད། 2019ལོའི་ཟླ་2པར་རུ་དཔོན་གྱི་འགན་བླངས་མ་ཐག ཁོང་གིས་རུ་མི་3ཁྲིད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་བརྒྱུད། 2018ལོའི་ལོ་འགོར་དབུ་མཐོང་གྲོང་ཚོ་དེ་ཉིད་ཡོངས་སུ་དབུལ་སྒྲོལ་ཐུབ་མོད། འོན་ཏེ་མང་ཚོགས་ཁྲོད“སྒུག་བརྟེན་སློང་གསུམ”དང་། འབྱོར་པ་ཆུང་ངུར་བློ་ཡིད་ཚིམ་ནས་སྡོད་པ། ཐོན་ལས་ཀྱི་གྲུབ་ཆ་གཅིག་རྐྱང་ཡིན་པ་བཅས་ཀྱི་གནད་དོན་སྔར་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད།

རྒྱལ་མོ་རྔུལ་ཆུའི་ངོགས་སུ་ཆགས་ཤིང་། གྲོང་ཚོའི་ཤར་ལྷོའི་ཕྱོགས་སུ་སྨི་400ཙམ་གྱི་གྲོང་ཚོའི་འགྲོ་ལམ་ཞིག་ཡོད་པ་དེ་རྒྱལ་མོ་རྔུལ་ཆུའི་ཉེ་བར་གནས་ཤིང་། ལམ་བུ་གུ་དོག་པ་མ་ཟད། ཁུག་ཆ་མང་བས་མང་ཚོགས་10དང་ནོར་འགའ་ཞིག་སྔ་རྗེས་སུ་གཟབ་གཟབ་མ་བྱས་པའི་དབང་གིས་ཆུར་ལྷུང་མྱོང་། 2019ལོའི་ཟླ་8པར་ལམ་གཞི་དུམ་བུ་ཁག་གཅིག་རྒྱུན་དུ་ཆུ་འཁྱིལ་ནས་ཞིག་ལོག་བྱུང་བའི་གནས་ཚུལ་ཐོན་ཏེ། མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། མིག་དམར་ནོར་བུས་སྤྱི་བདེ་ཐིང་ཏང་ཨུད་ལ་སྙན་སེང་ཞུས་པ་དང་སྦྲགས། འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་གྱིས་མ་དངུལ་གྲབས་གསོག་བྱས་ནས་རྒྱུ་ཆ་ཉོས་ཤིང་། དེ་རྗེས་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”དང་མཐུན་སྒྲིལ་རོགས་ལས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་དེའི་ནང་ཞུགས་རྒྱུའི་སྐུལ་མ་ཧུར་ཐག་བཏང་བར་བརྟེན། དུས་ཐུང་ཉིན་20ཡི་ནང་སྨི་400ལྷག་ཙམ་ཡོད་པའི་གྲོང་ཚོའི་ལམ་བུ་ཞིག་གསོ་བྱུང་སྟེ། མང་ཚོགས་ལ་ལོ་མང་འཕྲད་པའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་སེལ་ཡོད།

2019ལོ་ནས་བཟུང་། དབུ་མཐོང་གྲོང་ཚོར་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ལ་ཐོན་ལས་ཀྱི་ཕན་འབྲས་རིམ་བཞིན་ཆེ་རུ་ཕྱིན་པ་དང་། དམངས་ཕན་གྱི་འདུ་འགོད་གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་བྱུང་ཡོད། ལོ་གཅིག་གི་གྲོང་སྡོད་ཀྱི“གྲུབ་འབྲས་རེའུ་མིག”ལ་ལྟ་སྐབས། མིག་དམར་ནོར་བུ་ནི་གྲུབ་འབྲས་ཀྱིས་ཕྱུག་པ་ཞིག་རེད།