《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月11日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཆོག་ཚེ་རིང་གིས་གསུངས་དོན།

མང་ཚོགས་ལ་དེ་བས་ཡག་པའི་འཚོ་བའི་ ཆ་རྐྱེན་གཏོད་རྒྱུ་ཡིན།

འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཆོག་ཚེ་རིང་གིས་ནན་ཏན་ངང་ཚོགས་འདུ་གསན་བཞིན་པ།

ཉིང་ཁྲི་གྲོང་ཁྱེར་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནས་སྲིད་ཇུས་སྒྲོག་འགྲེལ་པ་དང་། དེ་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མིའི་བར། མཆོག་ཚེ་རིང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་གྲོང་ཚོ་ཡོངས་ཀྱི་མི་སེར་གྱི་སྣེ་ཁྲིད་དེ་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཏེ། ཀྲུང་གུང་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་འགྲེལ་བྱས་ཡོད།

“མཉམ་ལས་ཁང་བཙུཌ་པ་བརྒྱུད། འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་ཕྱིན་ནས་ང་ཚོའི་གྲོང་ཚོའི་དབུལ་ཞྭ་ཕུད་པ་དང་། སྨན་རི་ཤང་གི་དབུལ་སྒྲོལ་གྲོང་ཚོ་དང་པོར་གྱུར་ཡོད། 2019ལོར་ཡུལ་མིའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་25000ཟིན་ཡོད”ཅེས་མཆོག་ཚེ་རིང་གིས་གསར་འགོད་པར་གསུངས། ཁོང་གིས་ཡུལ་མི་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་དང་ཆབས་ཅིག ད་དུང་སྣོད་བཅུད་ཁོར་ཡུག་བསྐྲུན་རྒྱུ་མ་བརྗེད་པ་བྱས་ནས་བྱེ་འགོག་ནཌ་བཟོའི་ལས་གྲྭ་ལག་བསྟར་བྱས་ཤིང་། ལོ་བཅུའི་རིང་། སད་སྒོ་རྭ་གྲོང་ཚོས་ལྕང་མ་ཁྲི་བཅུ་ཕྲག་ཁ་ཤས་བཙུགས་པར་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་བདུན་ཙམ་ཟིན་ཡོད་པ་རེད།

མཆོག་ཚེ་རིང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ན། གཞི་ནས་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་ཤེས་རྟོགས་ཐུབ་པ་དང་། གཞི་ནས་དགེ་མཚན་ལྡན་པའི་གྲོས་འགོ་ཡག་པོ་འདོན་ཐུབ་པའི་ངོས་འཛིན་གནང་གི་ཡོད། ལས་འགན་ཁུར་ཡུན་རིང་། ཁོང་གིས་མང་ཚོགས་ཀྱི་ཁྲོད་དུ་ཕེབས་རྒྱུ་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་རྒྱུ་མཐའ་འཁྱོངས་གནང་སྟེ། མང་ཚོགས་ཀྱི་འདོད་འདུན་དང་བསམ་འཆར་བསྡུ་ལེན་གནང་ཡོད། 2019ལོའི་ཚོགས་འདུ་གཉིས་ཀྱི་ཐོག མཆོག་ཚེ་རིང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐད་གྲོས་འགོ་བཏོན་གནང་ཡོད། འདི་ལོ་ཁོང་གིས་མང་ཚོགས་ཁྲོད་དུ་ཕེབས་རྗེས། ཉིང་ཁྲི་གྲོང་ཁྱེར་གྱི་འགྲོ་ལམ་དང་ཟམ་པ་འཛུགས་སྐྲུན་སྐོར་གྱི་གྲོས་འགོ་བཏོན་གནང་བ་རེད།