《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月10日

ཁྲིམས་བཙུགས་ནས་བོད་ཀྱི་མི་རིཌ་མཐུན་སྒྲིལ་ཆེ་མོར་འགན་སྲུང་བྱེད།

—— འཐུས་མི་དང་ཨུ་ཡོན་ཚོས《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

དུས་རབས་ཀྱི་དགོས་མཁོ་དང་དམངས་སེམས་ཕྱོགས་ས།

འདས་མ་ཐག་པའི་ལོ་གཅིག་གི་རིང་། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་བྱ་གཞག་ལ་བཀྲ་ཤིས་གཏམ་བཟང་ཡང་ཡང་གྲགས་ནས། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་དེ་བས་དགའ་བ་སྐྱེ་འོས་པ་ཞིག་ནི། 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག(འཆར་ཟིན)》ལ་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་གྲོས་ཞིབ་བྱེད་བཞིན་ཡོད་པ་དང་། འཐུས་མི་དང་ཨུ་ཡོན་ཚོས་སྲོལ་ཡིག་གི་ནང་དོན་ལ་དམིགས་ནས་ལས་འགན་གཙང་སྒྲུབ་དང་ཐབས་འདོན་ཇུས་འགོད་བྱེད་བཞིན་ཡོད།

མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པའི་རང་ལྗོངས་ཀྱིས་སྔར་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་མཐོང་ཆེན་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་ཡར་ཐོན་ཡོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་ལས་དོན་གྱི་གཞི་རྩའི་ལས་འགན་ལ་བརྩིས་ཤིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་། མཐའ་སྐྱོང་བོད་བརྟན་དང་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས། བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ལིན་ཆིང་ཀྲིས་གསུངས་དོན། སྲོལ་ཡིག་དེར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། བོད་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་ཐུབ།

སྲིད་གྲོས་མི་རིགས་རིགས་ཁོངས་ཀྱིས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱེད་སྐབས། ཨུ་ཡོན་ཚོས་གྲོང་གསེབ་ཏུ་བསྐྱོད་དེ་བརྟག་དཔྱད་བྱས་པའི་མྱོང་ཚོར་གླེང་ཞིང་། ཁོང་ཚོས《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག(འཆར་ཟིན)》ནི་དམངས་སེམས་དང་མཐུན་པ་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་ཐུན་མོང་གི་རེ་སྒུག་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་གསུངས་པ་རེད།

ཁྲིམས་སྐྱོང་འགན་སྲུང་བྱས་ནས་རྒྱབ་རྟེན་བརྟན་དུ་བཏང་བ།

“བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་སྲུང་བྱེད་པ”དང་། “བཅའ་ཁྲིམས་ལ་དད་མོས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་འགུལ་ངང་བཅའ་ཁྲིམས་བཞིན་བྱ་བ་བསྒྲུབས་ཚེ། མི་རིགས་མཐུན་སྒྲིལ་གཞི་ནས་འགན་ལེན་ཐུབ་པ་དང་། མི་རིགས་འབྲེལ་བ་གཞི་ནས་བརྟན་པོ་ཡོང་ཐུབ”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་མི་རིགས་ཁག་གི་བུ་ཕྲུག་ཚོའི་སེམས་སུ་ལྷང་ལྷང་དུ་འཆར་གྱི་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་བོད་ལྗོངས་ཤུན་ཅུས་ཁྲིམས་རྩོད་པའི་ལས་དོན་ཁང་དང་གཞིས་རྩེ་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཁྲིམས་རྩོད་པ་ཝང་ཅིན་ལུང་གིས་གསུངས་དོན། “བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་སྲུང་བྱེད་རྒྱུ་ནི། མི་རིགས་ལས་དོན་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་གཅིག་བསྡུས་མངོན་ཚུལ་ཞིག་ཡིན་ལ། དེ་ཐོག་ནས་ཁྲིམས་སྐྱོང་ཤེས་དཔལ་གྱི་དུས་རབས་ཀྱི་བླང་བྱ་མངོན་ཡོད།

ཝང་ཅིན་ལུང་གིས་གསུངས་དོན། “ད་རེས་གྲོས་ཞིབ་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ནི་ལག་ལེན་ཡག་པོ་ཞིག་རེད” མཛུབ་ཁྲིད་དེའི་འོག རང་ལྗོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་སྲུང་ཡོད་པ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོཌ་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོཌ་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་ངང་འཕེལ་རྒྱས་འགྲོ་ངེས་རེད།

མཐའ་གཅིག་ཏུ་བརྩི་སྲུང་དང་ལག་བསྟར་དོན་འཁྱོལ་བྱེད་པ།

《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག(འཆར་ཟིན)》བཟོས་པ་ལས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་སྲིད་གཞུང་གཞུང་དོན་ཁང་གི་ཀྲུའུ་རེན་འཆི་མེད་དགའ་ཚོར་ཆེན་པོ་བྱུང་ཞིང་། རང་སྐྱོང་ལྗོངས་ཀྱིས་ཐག་རིང་ལུང་ཁུག་གི་མི་རིགས་ས་ཁུལ་མཉམ་དུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་བར་ཏེང་པ་བ་ཞིག་ཡིན་པའི་འཆི་མེད་མྱོང་ཚོར་ཟབ་མོ་བྱུང་ཡོད།

“ཉེ་བའི་ལོ་ཤས་རིང་། རིམ་ཁག་ཏང་ཨུད་སྲིད་གཞུང་དང་ཁ་གཏད་བོད་སྐྱོར་བྱེད་མཁན་ཚོའི་དོ་ཁུར་དང་རོཌ་རམ་འོག ང་ཚོ་རྫ་ཡུལ་རྫོང་གིས་མི་རིགས་10ལྷག་འདུས་པའི་དུད་ཚང་340ཡི་མི་1800ལྷག་ཙམ་ཡུལ་གཞན་དུ་གནས་སྤོས་བྱས་པ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་58བསྐྲུན་པས། རྫོང་ཡོངས་ཀྱི་དུད་ཚང་3400ལྷག་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོཌ་ལ་ཕན་པ་ཐོབ་ཅིང་། དེའི་ཁྲོད་ཏེང་པ་བའི་དུད་ཚང་400ལྷག་ཙམ་ཡོད། དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ད་ཆ་ཏེང་པ་བའི་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད”ཅེས་འཆི་མེད་ཀྱིས་གསུངས་པ་རེད།