《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月09日

སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་མིང་ཚིག་འགྲེལ་པ།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིས་གསལ་སྟོན་གནང་བར། མི་རིགས་ཁག་གི་མི་དམངས་རྣམས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ཆགས་པའི་ཆབ་སྲིད་ཐད་མཐུན་སྒྲིལ་གཅིག་གྱུར་དང་། རིག་གནས་ཐད་མཉམ་འདྲེས་མཉམ་གསོག དཔལ་འབྱོར་ཐད་ཕན་ཚུན་བརྟེན་རེས། བརྩེ་དུང་ཐད་ཕན་ཚུན་སྙིང་ཉེ་བ། དེ་བཞིན་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས། ཕན་ཚུན་བྲལ་ཐབས་མེད་པ་བཅས་ཀྱི་མི་རིགས་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་དང་། དེ་ནི་ཐུན་མོང་གི་ལོ་རྒྱུས་ཆ་རྐྱེན་དང་། ཐུན་མོང་གི་རིན་ཐང་དོན་གཉེར། ཐུན་མོང་གི་དངོས་པོའི་རྨང་གཞི། ཐུན་མོང་གི་ཐོབ་ཐང་གི་མོས་སེམས། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བཅས་ཀྱི་ཐོག་ཆགས་པའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་ཡོང་བའི་གཞི་མ་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་སྲོག་རྩ་བཅས་ཡིན། ཀྲུང་ཧྭ་མི་རིཌ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མི་རིགས་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་ཀྱི་ལྟ་བཞེད་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་མི་རིཌ་ལས་དོན་སྤེལ་རྒྱུའི་བརྩི་སྲུང་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན།

“2019ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས”

“2019ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས” དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ནས་2019ལོའི་ཟླ་6ཚེས་14ནས་15ཉིན་བར་ལྷ་སར་འཚོགས་ཤིང་། དེའི་གཙོ་དོན་ནི“རྒྱུད་གཅིག་ལམ་གཅིག”དང་བོད་ལྗོངས་སྒོ་དབྱེ་གོང་འཕེལ་གཏོང་རྒྱུའི་སྐོར་ཡིན། གླེང་སྟེགས་འདིའི་ནང་རྒྱལ་ཁབ་དང་ས་ཁུལ་37ནས་ཕེབས་པའི་རྒྱལ་ཕྱི་རྒྱལ་ནང་གི་སྐུ་མགྲོན་160ལ་ཉེ་བ་ཞུགས་ཡོད།

ཆུ་བོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད།

ཆུ་བོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད། ཅེས་པ་ནི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་དང་། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ད་ལྟའི་གནས་ཚུལ་ལ་གཞིགས་ནས་བཟོས་པའི་ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ་བཅས་དང་། ཆུ་སྐྱོན་འགོག་བཅོས་བྱེད་པའི་སྤྱི་ཡོངས་བཀོད་སྒྲིག་ལ་ཟེར་ཞིང་། ཆུ་བོ་རྒྱུག་ཁུལ་གྱི་ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ་བཅས་དང་ཆུ་སྐྱོན་འགོག་བཅོས་སོགས་ཀྱི་ཆུ་དོན་བྱེད་སྒོར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ལ། སྲིད་གཞུང་གིས་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་འཁྲི་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན།

ས་མཐོའི་སྐྱེ་དངོས་ཐོན་ལས་ཀྱི་རྟེན་གཞི་བཅུ།

ས་མཐོའི་སྐྱེ་དངོས་ཐོན་ལས་ཀྱི་རྟེན་གཞི་བཅུ། ས་མཐོའི་སྐྱེ་དངོས་ཐོན་ལས་གོང་འཕེལ་འགྲོ་མགྱོགས་སུ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་རྩེ་གཅིག་ཏུ་དམིགས་ཏེ་ནས་དང་། འབྲི་གཡག བཞོན་མ། ཡུལ་ལུག སྔོ་ཚལ། བོད་ཕག བོད་བྱ། ཇའི་ཐོན་ལས། རྒུན་འབྲུམ། བོད་སྨན་སྨན་རྒྱུ་སོགས་གསོ་ཚགས་རྟེན་གཞི་བཅུ་བསྐྲུན་རྒྱུ་དེ་ཡིན།

ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་བྱས་ནས་ཕྱོགས་བསྡུས་དངོས་སྒྱུར་བྱེད་ཚད།

ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་བྱས་ནས་ཕྱོགས་བསྡུས་དངོས་སྒྱུར་བྱེད་ཚད། ཅེས་པ་ནི་ཞིང་ལས་ཐོན་རྫས་བཟོ་སྣོན་བྱེད་པའི་བརྒྱུད་རིམ་ནང་གི་རྒྱུ་ཆའི་འབོར་གྲངས་ཀྱིས་སྤྱིའི་ཐོན་འབོར་ནང་བཟུང་བའི་བསྡུར་ཚད་ལ་ཟེར་ཞིང་། གཙོ་བོ་ས་གནས་ག་གེ་མོའི་ཁྱབ་ཁོངས་ནང་གི་ཞིང་ལས་ཐོན་རྫས་ཆ་ཚང་ངམ་ཞིང་ལས་ཐོན་རྫས་གཙོ་བོ་བཟོ་སྣོན་དངོས་སྒྱུར་བྱེད་ཚུལ་མཚོན་པར་བྱེད་པ་ཞིག་ཡིན།

གནས་ལྗོངས་ཁུལ་གྱི“ཤར་གཏོང་ལྔ་དང་ ཡོད་པ་བཞིའི”ལས་གྲྭ

གནས་ལྗོངས་ཁུལ་གྱི“ཤར་གཏོང་ལྔ་དང་ཡོད་པ་བཞིའི”ལས་གྲྭ ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་ཆེད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་ལྗོངས་ཡོངས་ཀྱི་3Aརིམ་པ་ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མར་སྣུམ་ལམ་དང་གློག ཆུ། དྲ་ཆེན། སྐུད་མེད་དྲ་རྒྱ་བཅས་ཤར་གཏོང་ཐུབ་པ་དང་། ཁོར་ཡུག་གཙང་སྦྲའི་སྒྲིག་ཆས་ཡོད་པ་དང་། བློ་འདྲིའི་ཞབས་ཞུ་ལྟེ་གནས་ཡོད་པ། འཕྲལ་རྐྱེན་མྱུར་སྐྱོབ་བྱེད་མཁན་ཡོད་པ། སྨན་བཅོས་སྲོག་སྐྱོབ་བྱེད་མཁན་ཡོད་པ་བཅས་ཡིན།