《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月08日

↑ ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དམངས་གཙོའི་འདུ་འགོད་གལ་ཆེན་ཞིག་ཀྱང་རེད། 2016ལོ་ཚུན་དུ། སྟེང་ཆེན་རྫོང་གིས“སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་མང་ཚོགས་ཀྱིས་རང་མོས་བྱེད་པའི”ལས་ཀའི་རྩ་དོན་མཐའ་འཁྱོངས་དང་ཡུལ་གཞན་དུ་གནས་སྤོས་བྱ་རྒྱུ་དེ་འབྱོར་འབྲིང་གྲོང་རྡལ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“བརྟེན་པ་དྲུག་དང་། སྟབས་བདེ་ལྔ། གཟུར་གཡོལ་གཉིས”བཅས་ཀྱི་བླང་བྱ་གཞིར་བཟུང་། དུས་ཡུན་ལོ་གཉིས་ཁོ་ནའི་ནང་གཅིག་སྡུད་བཀོད་སྒྲིག་ཁུལ་31དང་དུད་ཚང་1640ཡི་མི་གྲངས་6525གནས་སྤོ་ཐུབ་པའི་ལས་འགན་ལེགས་གྲུབ་བྱས་ཤིང་། འདི་ནི་གཙང་ལ་གྲལ་འགྲིག་པའི་ཝ་ཁོག་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཡིན་པ།

← 2019ལོའི་ཟླ་9ཚེས་29ཉིན། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཉེར་ཞིང་། འདི་ནི་མང་ཚོགས་ཀྱིས་བྱེད་སྒོ་སྤེལ་ཡུལ་དུ་དྲན་རྟེན་པར་རྒྱག་བཞིན་པ།