《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月08日

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག

བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུར་དམ་པོར་དམིགས་ཏེ་དཔལ་འབྱོར་ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཚོགས་འདུར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཟླ་1ཚེས་6ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ནང་སེམས་ལ་འཇགས་པ་དང་ཕྱི་ལག་ལེན་ལ་འཁྱོལ་བ། དོན་དངོས་དང་ཟུང་འབྲེལ་གྱིས་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་སྔར་བས་ཆེ་རུ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན་པའི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན་པའི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཅང་བཅས་ཚོགས་འདུར་ཕེབས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཝུའུ་དབྱིང་ཅེས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ང་ཚོས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཐད། གལ་འགངས་ཤིན་ཏུ་ཆེ་བའི་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སེམས་རྣལ་དུ་ཕབ་ནས་གོ་བ་ལེན་པ་དང་། ལྗང་མདོག་དང་འཕེལ་རྒྱས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ཤེས་རྟོགས་གཏིང་ཟབ་བྱེད་པ། ལྗང་མདོག་དང་འཕེལ་རྒྱས་ཀྱི་འདུ་ཤེས་འཕེལ་རྒྱས་མྱུར་པོའི་ཕྱོགས་གང་སར་ལག་བསྟར་དོན་འཁྱོལ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་། ལས་ཀ འཚོ་བ་བཅས་ལ་ཁྱབ་པར་བྱེད་པ། ཆེ་རྩིས་དང་ཕུགས་རྩིས་རྒྱག་མཁས་པོ་བྱེད་པ་ལས་སྣོད་བཅུད་ཁོར་ཡུག་བློས་བཏང་ནས་དཔལ་འབྱོར་འཕེལ་རྒྱས་གཏན་ནས་གཏོང་མི་རུང་། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། མཚོ་བོད་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་ལས་འགན་ཕྲག་ཏུ་འཁུར་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་འབུལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། དེས་ན་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། རང་བྱུང་ལ་བརྩི་བཀུར་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། རི་བོ་དང་། ཆུ་བོ། ནགས་ཚལ། ཞིང་ཁ། མཚོ་མཚེའུ། རྩྭ་ཐང་བཅས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་སྤྱི་འདོམས་བྱས་ནས་གནམ་སྔོ་ཆུ་དྭངས་དང་ས་གཙང་སྲུང་སྐྱོང་གི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་སྔོ་ཁེབས་མེད་སར་རྩྭ་རྩི་ཤིང་འདེབས་དགོས་ཤིང་། དམངས་ཡོངས་ཀྱི་ཤིང་འཛུགས་རྩྭ་འདེབས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ལྷག་པར་དུ“སྲུང་སྐྱོང་ཆེན་པོ་དང་བཅོས་སྐྱོང་ཆེན་པོ”མཐའ་འཁྱོངས་བྱེད་དགོས། སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་ཤིང་། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ཏེ“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོ་བའི་ལྗང་མདོག་སྤུས་རྟགས་གཏོད་པ་མཐའ་འཁྱོངས་ཀྱིས་རོང་ཁུལ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མི་འབོར་གཅིག་སྡུད་འོས་འཚམ་ལ་སྐུལ་འདེད་བཏང་ནས་ཁོར་ཡུག་སྲུང་སྐྱོང་དང་མང་ཚོགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་གཉིས་ཁེ་ཡོང་བར་བྱེད་དགོས། མཐུན་རྐྱེན་ལ་དམ་འཛིན་དང་། སྒོ་དབྱེ་འཕེལ་རྒྱས་མཐའ་འཁྱོངས། ནང་ཁུལ་སྒོ་དབྱེ་ཟབ་ཏུ་གཏོང་བ། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་གཉིས་ཀྱི་དཔལ་འབྱོར་ཁུལ་སོགས་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང་མཉམ་འདྲེས་ཧུར་ཐག་ཐུབ་པ་བཅས་བྱས་ནས་ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

(བསོད་དཔའ་དང་ཚེ་ལྷས་བསྒྱུར། སྤེན་ཚེས་ཞུས)