《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月06日

གལ་ཆེའི་གསར་འགྱུར་མདོར་བསྡུས།

༄༅།། འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཉེ་དུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གནས་ཚུལ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་གནས་ཚུལ་གྱི་སྙན་སེང་ཉན་པ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རིང་གི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བཅས་བྱས་པ་རེད།

༄༅།། འདི་ག་ཚགས་པར་ཁང་དུ་ཟླ་1ཚེས་4ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་3ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གཙོ་གནད་རྣམ་གྲངས་ཀྱི་འཆར་འགོད་བཟོ་བའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གཙོ་གནད་རྣམ་གྲངས་འཆར་འགོད་ནི་རང་ལྗོངས་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་གྱི་ཕྱོགས་སུ་སྐྱོད་པའི་དུས་སྐབས་གསར་པའི་ལོ་ལྔའི་འཆར་འགོད་དང་པོ་དེ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་རྣམ་གྲངས་འཆར་འགོད་ཚན་རིག་དང་མཐུན་པའི་ངང་ཡག་པོ་བཟོ་རྒྱུ་དེ་རང་ལྗོངས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རང་ལྗོངས་ཀྱི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བསྒྱུར་བ། རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་སྤུས་ཚད་མགྱོགས་མྱུར་མཐོར་གཏོང་བཅས་བྱ་རྒྱུ་དང་འབྲེལ་བ་ཡོད་པས་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།