《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月05日

རྒྱུན་འཛིན་དང་གསར་གཏོད་ཁྲོད“པེ་ཅིང་གི་བཟོ་རྩལ་ཆེ་མོ་བརྒྱད”འཕེལ་རྒྱས་གཏོང་བ།

“པེ་ཅིང་གི་བཟོ་རྩལ་ཆེ་མོ་བརྒྱད”ནི་པེ་ཅིང་གི་གུ་གུ་ཤ་དང་། གཡང་ཊི་བརྐོས་མ། བ་སོ་བརྐོས་མ། བརྐོས་རྩི། གསེར་གྱི་ཕྲ་རྒྱན། མེ་ཏོག་གི་ཕྲ་རྒྱན། ཕོ་བྲང་གི་གདན། པེ་ཅིང་གི་འཚེམ་དྲུབ་བཅས་བཟོ་རྩལ་ཆེ་གྲས་བརྒྱད་ཡིན། “པེ་ཅིང་གི་བཟོ་རྩལ་ཆེ་མོ་བརྒྱད”ཀྱིས་ས་ཁུལ་ཁག་གི་དམངས་ཁྲོད་བཟོ་རྩལ་གྱི་སྙིང་བཅུད་བསྡུ་རུབ་གང་ལེགས་བྱས་ནས་ཆིང་རྒྱལ་རབས་སྐབས་སུ་སྲོལ་རྒྱུན་བཟོ་རྩལ་གྱི་རྩེར་སོན་དུ་སླེབས་ནས་པེ་ཅིང་གི་ཕོ་བྲང་སྒྱུ་རྩལ་གྱི་ཁྱད་ཆོས་སུ་གྱུར་ཡོད། མིང་ཆིང་རྒྱལ་རབས་སུ་གོང་མ་ཚང་ལ་ཆེད་མངགས་མཁོ་འདོན་བྱེད་པ་ལས་མི་སེར་དཀྱུས་མས་འཛད་སྤྱོད་བྱེད་ཐབས་བྲལ།

ཉེ་བའི་ལོ་ཤས་རིང་། བཟོ་རྩལ་ཆེ་མོ་བའི་ལས་དོན་ཁང་ཁག་གཅིག་བཙུགས་ནས་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་འཚོལ་ཞིབ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱས་ཡོད། དེ་དང་དུས་མཚུངས། པེ་ཅིང་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭ་དང་སྡེ་ཁུལ་དུ་ཁྱབ་གདལ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་དགའ་པོ་བྱེད་མཁན་འབོར་ཆེན་ཞིག་གསོ་སྐྱོང་བྱ་རྒྱུའི་ལྕག་སྐུལ་བྱས་ཡོད། བཟོ་རྩལ་ཆེ་མོ་བ་མི་རབས་གསར་པས་ལག་ཤེས་བཟོ་རྩལ་གྱི་བྱ་ཐབས་དང་སྒྱུ་རྩལ་གྱི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་གནའ་བོའི་སྒྱུ་རྩལ་དང་དེང་རབས་ཀྱི་འཚོ་བ་ཕན་ཚུན་ཟུང་འབྲེལ་བྱས་ཏེ“པེ་ཅིང་གི་བཟོ་རྩལ་ཆེ་མོ་བརྒྱད”རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

↓ འདི་ནི་པེ་ཅིང་གི་བརྐོས་རྩིའི་སྒྱུ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མཱ་ཉིང་གིས་བརྐོས་རྩིའི་ཐོན་རྫས་ཇུས་འགོད་བྱེད་བཞིན་པ།

↑ འདི་ནི་པེ་ཅིང་གི་འཚེམ་དྲུབ་ལས་ལ་གཞོལ་ནས་ལོ་15སོང་བའི་ཡུས་ཅིང་གིས་ལས་དོན་ཁང་དུ་འཚེམ་དྲུབ་རྒྱག་བཞིན་པ།

↑ འདི་ནི་ཕོ་བྲང་གི་གདན་གྱི་བཟོ་རྩལ་པ་ཝུའུ་ཅན་མའེ་ཡིས་ལས་དོན་ཁང་དུ་ལས་ཀ་བྱེད་བཞིན་པ།

← འདི་ནི་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བ་སོ་བརྐོས་མའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ལི་ཁྲུན་ཁོའོ་ཡིས་གནའ་བོའི་བ་སོར་བརྐོས་རྒྱག་བཞིན་པ།