《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月04日

སེམས་མཐུན་ལག་གདང་སྦྲེལ་ནས་ལེའུ་གསར་བརྩམས། མཛེས་སྡུག་ལྡན་པའི་དུས་རབས་གསར་པ་བཏོད།

—— 2019ལོའི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྐོར་གྱི་སྒྲིལ་གླེང་།

ལོ་གཅིག་གི་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་སྲིད་གྲོས་ཀྱིས་ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱི་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས། དད་སེམས་བརྟན་པོ་དང་ལྷག་བསམ་རྣམ་དག་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་སྦྲེལ་མཐུད་དམ་ཟབ་བྱེད་པ་དང་། གྲོས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པའི”བསམ་བློ་གསར་པ་དང་བླང་བྱ་གསར་པ་ལག་བསྟར་ཧུར་ཐག་བྱེད་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་པ། ཐུན་མོང་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་ཏུ་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།

ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་འགྱུར་བར་བྱས་པ།

བོད་ལྗོངས་སྲིད་གྲོས་ཀྱིས་རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཚང་མའི་ཁྲོད་ཁྱབ་པར་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་དོན་གང་དུ་སྐུལ་སྤེལ་ཐུབ་པར་སྲིད་གྲོས་ཀྱི་འགན་སྒྲུབ་དེ་གར་འབྱོར་བར་བྱས་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་ཏན་ཏིག་འགྱུར་བར་བྱས་ཡོད། ཆ་འཕྲིན་ཅན་གྱི་བྱེད་ཐབས་ཐོག་ནས་ཆེད་དོན་སྒྲོག་འགྲེལ་གྱི་ཞིབ་ཕྲའི་བྱ་སྤྱོད་ཐེངས་8གསར་གཏོད་ཀྱིས་སྤེལ་བ་དང་། ལོ་འཁོར་མོར་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཐེངས་5ཞུས་པ། བྱེད་སྒོ་ཆེ་གྲས་དང་། ལས་དོན་གལ་ཆེན། བརྟག་ཞིབ་གཙོ་གནད་སོགས་ཀྱི་རེ་ཞུའི་སྙན་སེང་ཁག་36གོང་འབུལ་བྱས་ཡོད། དེ་དང་ཆབས་ཅིག ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་སྲིད་གྲོས་ཀྱི་འཛུགས་སྐྱོང་ཁག་ལ་གཅིག་འདོམས་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། སྲིད་གྲོས་ཏང་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་རྩ་འཛུགས་7བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ལས་ཁུངས་ཀྱི་ཏང་ཀྲི་པུའུ་15ལེགས་སྒྲིག་བྱས་པ།《ཏང་ཡོན་དང་ཨུ་ཡོན་གྱི་རྩ་འཛུགས་ཀྱི་འབྲེལ་བ་ཕྱོགས་གཅིག་ལ་གཏོགས་པ་དང་རྩ་འཛུགས་ཀྱི་འཚོ་བ་ཕྱོགས་གཉིས་པོར་ཞུགས་པའི་བྱེད་ཐབས》སོགས་ལམ་ལུགས་བཟོས་ཏེ། རང་འགུལ་ངང་ཏང་ཕྱིའི་ཨུ་ཡོན་གྱི་སེམས་སྒྲ་ཉན་པ་དང་། ལྟ་སྟངས་བརྗེ་རེས། བསམ་བློ་སྤེལ་རེས། དོགས་གནད་སེལ་བ། ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་བྱས་ཡོད།

འགན་སྒྲུབ་ཀྱི་ཕན་འབྲས་དངོས་ལ་དམིགས་ཏེ། ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ།

བོད་ལྗོངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་འགན་སྒྲུབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩིས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་སྐྲུན་པར་རམ་འདེགས་བྱས་ཡོད། ཀྲུའུ་ཞི་གཞོན་པ་8ཀྱིས་རུ་སྣེ་ཁྲིད་དེ་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་ཆེད་དོན་བརྟག་ཞིབ་བྱེད་པར་བསྐྱོད་ཅིང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། སླར་ཡང་བརྟག་ཞིབ་ཚོགས་ཆུང་5བཙུགས་ནས་ས་ཁུལ་དང་གྲོང་ཁྱེར་འགའ་ཞིག་ཏུ་བསྐྱོད་དེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་སོགས་ནང་དོན་10ལ་དམིགས་ཏེ་བརྟག་ཞིབ་གཏིང་ཟབ་བྱས་པས། བརྟག་ཞིབ་སྙན་ཞུ་9དང་། ཚོགས་ཆེན་གྱི་གཏམ་བཤད་19 ཕྱོགས་13ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཁག་120བཅས་བཏོན་ཡོད།

བོད་ལྗོངས་སྲིད་གྲོས་ཀྱིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། འཕེལ་རྒྱས་ཀྱི་འགག་གནད་དང་པོ་དང་དམངས་གཙོའི་སྟོན་ཕྱོགས་དང་པོར་དམིགས་པ་བཅས་བྱས་ཏེ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་དམིགས་ནས་ལོ་འཁོར་གྱི་གྲོས་མོལ་ལས་དོན་གྱི་འཆར་གཞི་ནན་ཏན་ངང་བཟོས་པ་དང་། གཟིགས་ཞིབ་དང་བརྟག་ཞིབ་ཀྱི་ནང་དོན་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱས་པ། ལོ་ཧྲིལ་པོར་མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་སྲོལ་གཏོད་ལས་དོན་དང་། ཞིང་ལས་ཚན་ཞིབ་ལས་དོན། ཐང་གའི་སྒྱུ་རྩལ་སྲུང་སྐྱོང་། རྒྱུན་འཛིན། འཕེལ་རྒྱས་སོགས་ཆེད་དོན་10ལ་དམིགས་ཏེ། གཟིགས་ཞིབ་ཐེངས་30བྱས་པ་དང་། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་རྩ་འཛུགས་དང་། རིག་གནས་དབུལ་སྐྱོར། མྱ་ངམ་ཐང་བཅོས་སྐྱོང་། སློབ་གྲྭའི་སློབ་གསོས་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བའི་འགན་འཁྲི་ཇི་ལྟར་འཁུར་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ཏེ། ལྗོངས་ཕྱི་ནང་དུ་བརྟག་ཞིབ་ཐེངས་མང་བྱས་པས། བརྟག་ཞིབ་སྙན་ཞུ་དང་གྲོས་གཞི་སོགས་100ལྷག་ཙམ་གྲུབ་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་དང་དེ་བཞིན་བསམ་འཆར་དང་གྲོས་འགོ་1200ལྷག་ཙམ་ལེགས་སྒྲིག་བྱས་ཏེ་གོང་འབུལ་བྱས་ཡོད།

རྩ་སྲ་དམངས་བརྟན་འབུར་དུ་ཐོན་པར་བྱས་ནས། རྒྱུན་གཏན་རང་བཞིན་གྱི་ལས་དོན་དང་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་བྱས་པ།

བོད་ལྗོངས་སྲིད་གྲོས་ཀྱིས“ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས”མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རང་ལྗོངས་ཀྱི་སྲིད་གྲོས་གྲོས་མོལ་དམངས་གཙོའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ལམ་ལུགས་ཀྱི་བརྒྱུད་རིམ་དང་ཞུགས་པའི་ལག་ལེན་ཆ་ཚང་ཞིག་གྲུབ་རྒྱུར་སྐུལ་འདེད་བཏང་ཡོད། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་བརྟག་དཔྱད་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་བྱེད་ཐབས》སོགས་ལམ་ལུགས་ཁག་6བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱས་ཡོད། གྲོས་གཞི་འདོན་རྒྱུ་དེ་སྤྱི་ཡོངས་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“གྲོས་གཞི་འདོན་པ་དང་། གྲོས་གཞི་ཐོ་འགོད། གྲོས་གཞི་གཉེར་བ། གྲོས་གཞིར་ལྟ་སྐུལ”བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་དུ། ཁྱོན་གྲོས་གཞི་404ལ་ཞིབ་དཔྱད་དང་ཐོ་འགོད་བྱས་པ་དང་། 2019ལོའི་ཟླ་10པའི་ཟླ་མཇུག་བར་གྲོས་གཞི་ཚང་མ་བསྒྲུབས་ནས་ལན་གསལ་པོ་སྤྲད་ཟིན་པས་གྲོས་གཞི་འདོན་མཁན་བློ་ཡིད་ཚིམས་ཚད་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

སྲིད་གྲོས་ཨུ་ཡོན་དང་། ཆེད་དོན་ཨུ་ལྷན། རིགས་ཁོངས། སྲིད་གྲོས་ལས་ཁུངས་བཅས་ཀྱི“ཕྱོགས་བཞི་གཞི་གཅིག”འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོ་གསོ་སྦྱོང་དང་། མཐུན་སྦྱོར་ཞབས་ཞུ། ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཨུ་ཡོན་གྱི་བྱེད་པོའི་ནུས་པ་དང་། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ། རིགས་ཁོངས་ཀྱི་དམིགས་བསལ་ནུས་པ། ལས་ཁུངས་ཀྱི་ཞབས་ཞུ་འགན་ལེན་གྱི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། བདེ་དབང་གིས་ཞུས)