《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月04日

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གསབ་འདེམས་ཨུ་ཡོན་གྱི་མཚན་ཐོ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གསབ་འདེམས་ཨུ་ཡོན་གྱི་མཚན་ཐོ།

(2020ལོའི་ཟླ་1ཚེས་2ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

ལེང་ཅན་ཕིང་།

བློ་མཐུན་ལི་ཅུན་ལུན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་མི་འཁུར་རྒྱུའི་གཏན་འབེབས།

(2020ལོའི་ཟླ་1ཚེས་2ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

བློ་མཐུན་ལི་ཅུན་ལུན་སྔ་སྣུར་དུ་ལས་གནས་ནས་བྲལ་ཏེ་ངལ་གསོ་རྒྱག་རྒྱུའི་ཆོག་མཆན་ཐོབ་པས། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་བློ་མཐུན་ལི་ཅུན་ལུན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་མི་འཁུར་རྒྱུའི་གཏན་འབེབས་བྱས་པ།

བློ་མཐུན་ལི་ཅུན་ལུན་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ནས་དགོངས་པ་ཞུ་བའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

(2020ལོའི་ཟླ་1ཚེས་2ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

བློ་མཐུན་ལི་ཅུན་ལུན་སྔ་སྣུར་དུ་ལས་གནས་ནས་བྲལ་ཏེ་ངལ་གསོ་བརྒྱབ་པས། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ནས་དགོངས་པ་ཞུ་བའི་རེ་འདུན་ཕུལ་བ་རེད། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པས་སྲིད་གྲོས་སྒྲིག་ཡིག་གི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་ལྟར། བློ་མཐུན་ལི་ཅུན་ལུན་གྱི་དགོངས་ཞུའི་རེ་འདུན་དང་ལེན་བྱ་རྒྱུ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པར་ཐོ་འགོད་སྙན་སེང་ཞུས་པ་རེད།

པའོ་ཆོན་ཡུང་སོགས་བློ་མཐུན་3གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནས་དགོངས་པ་ཞུ་བའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

(2020ལོའི་ཟླ་1ཚེས་2ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

བློ་མཐུན་པའོ་ཆོན་ཡུང་དང་ཏོན་ཀྲེ་ཕུའུ་བོད་ནས་ལས་སྒྱུར་གནང་བ་དང་། བློ་མཐུན་ཧན་ཅུན་ཝུན་རྒན་ཡོལ་ཞུ་བའི་ལོ་ཚོད་ལ་སླེབས་པས། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནས་དགོངས་པ་ཞུ་བའི་རེ་འདུན་ཕུལ་བ་རེད། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པས་སྲིད་གྲོས་སྒྲིག་ཡིག་གི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་ལྟར། བློ་མཐུན་པའོ་ཆོན་ཡུང་སོགས་ཨུ་ཡོན་3གྱི་དགོངས་ཞུའི་རེ་འདུན་དང་ལེན་གནང་བ་རེད།

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཆེ་དང་། རྒྱུན་ལས་དྲུང་ཆེ་གཞོན་པ། དྲུང་ཆེ་གཞོན་པ་བཅས་ཀྱི་མཚན་ཐོ།

(2020ལོའི་ཟླ་1ཚེས་2ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

དྲུང་ཆེ། ཀའོ་དབྱང་།

རྒྱུན་ལས་དྲུང་ཆེ་གཞོན་པ། ལེ་ཀུའེ་ལུང་།

དྲུང་ཆེ་གཞོན་པ། ཕུའུ་གཡུས་ཧུའེ། བསྟན་འཛིན་ལྷུན་གྲུབ། བསོད་ནམས་དགེ་ལེགས། བསོད་ནམས་གྲགས་པ། ལིའུ་ཧུའེ། ཝུའུ་ཡུང་ཞང་། ཝང་ཤིན་ཧུའེ། བུ་དགའ། ཉི་མ་ཚེ་རིང་། ཚེ་རིང་ནོར་བུ། ཏེང་ཅིན། ཧུའུ་པིང་། ཀོན་ཡུན་ཕིང་། ཀྲོའུ་ལི་མིང་། ཡུས་ཡུན་ཀུའེ། བློ་བཟང་བསྟན་དར། ཝང་ཧྲེང་ལེ། ལུའུ་མིང་ཤིའུ། གཡང་འཛོམས། ཧོང་ཡོན་ཀུའེ། ནོར་བུ། ལེའོ་ཅ་ཤིང་། ཡན་པའོ་ལི།