《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月03日

གཞིས་རྩེ་གྲོང་ཁྱེར་གྱིས།

དགོན་པར་རྩ་ཁྲིམས་ཁྱབ་གདལ་གཏོང་བའི་བཅའ་ཁྲིམས་ཤེས་ བྱ་འཆད་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས(བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང)ཀྱིས་གྲོང་ཁྱེར་ཆོས་ལུགས་ཅུས་དང་མཉམ་དུ་གཞིས་རྩེའི་བཀྲ་ཤིས་ལྷུན་པོ་དགོན་གྱི་ཚོགས་ཁང་དུ“དགོན་པར་རྩ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཤེས་བྱའི་འཆད་ཁྲིད་བྱས་པ་རེད།

གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ལས་དོན་མི་སྣས་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་དང་ཁྲིམས་སྐྱོང་སློབ་གསོ་ཟུང་འབྲེལ་གྱིས“ཁྲིམས་བཞིན་དགོན་སྡེ་བཅོས་སྐྱོང་དང་། བསླབ་ཁྲིམས་ལ་བརྟེན་ནས་དགེ་འདུན་པར་དོ་དམ། དགེ་འདུན་པས་བཅའ་ཁྲིམས་དང་འདུལ་ཁྲིམས་སྲུང་བ”བཅས་ཀྱི་སྤྱིའི་བླང་བྱ་ལྟར། གྱོད་གཞི་དང་ཟུང་དུ་འབྲེལ་ནས་སྲོལ་ཡིག་འགྲེལ་བཤད་དང་། ཡུལ་དངོས་སུ་བློ་འདྲི་སོགས་ཀྱི་རྣམ་པར་བརྟེན་ནས་འཆད་ཁྲིད་བྱས་ཤིང་། གོ་བདེ་རྟོགས་སླ་དང་གཏིང་ཟབ་ཞིབ་ཚགས་ཀྱི་དྲིལ་བསྒྲཌ་ལས་རྩ་ཁྲིམས་དང་། ཏང་གི་ཆོས་ལུགས་སྲིད་ཇུས། ཆོས་ལུགས་ལས་དོན་གྱི་སྲོལ་ཡིག བོད་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སྐོར་འགྲེལ་བཤད་བརྒྱབ་པ་རེད།

གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འགན་འཁུར་བས། ད་རེས་ཀྱི“དགོན་པར་རྩ་ཁྲིམས་ཁྱབ་གདལ་གཏོང་བའི”བྱེད་སྒོ་བརྒྱུད་ཆོས་ཕྱོགས་མི་སྣའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་བྱང་ཚད་སྔར་བས་མཐོ་རུ་སོང་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཐད་ཀྱི་ཆོས་ཕྱོགས་མི་སྣའི་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ནས་དགོན་སྡེའི་གྲྭ་བཙུན་གྱིས“གནས་ཚུལ་འཕྲད་དུས་ཁྲིམས་དྲན་པ་དང་། ལས་དོན་སྒྲུབ་དུས་ཁྲིམས་གཞིར་འཛིན་པ། གཏམ་བརྗོད་ཁྲིམས་དང་མཐུན་པ། བྱ་སྤྱོད་ཁྲིམས་ལྟར་སྲུང་བ”བཅས་ཀྱི་བསམ་བློའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད་པ་རེད།