《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月03日

དུས་རབས་གསར་པའི་ས་གནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་པ།

2019ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ནན་ཏན་ངང་སྒྲུབ་པ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་བཏོད་པ་དང་། བརྟན་ལ་ནུས་ལྡན་གྱི་ཁྲིམས་སྐྱོང་གི་འགན་ལེན་བྱས་པ། དྲིན་ཚོར་ཡར་བརྩོན་གྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་པ།

ཏང་གི་འགོ་ཁྲིད་ནི་མི་དམངས་རང་ཁྱིམ་རང་བདག་དང་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་རྩ་བའི་འགན་ལེན་རེད། ལྗོངས་ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་ཇུས་ནང་བཅུག་ནས་མི་དམངས་འཐུས་ཚོགས་དང་

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཞིན་འགན་དབང་ལག་ལེན་བསྟར་བར་རྒྱབ་སྐྱོར་དང་འགན་ལེན་བྱས་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རང་རྟོཌ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་བརྒྱུད་སྤེལ་བྱས་ཡོད།

དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུས་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བའི་དོན་དག་གི་གསལ་ཐོ་བཟོས་ནས་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་གལ་ཆེན་དང་། བྱེད་སྒོ་གལ་ཆེན། ཁྲིམས་འཛུགས་ལྟ་སྐུལ་སོགས་ལས་དོན་སྤེལ་རིང་གི་གནད་དོན་གལ་ཆེན་དང་དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུས་ཏེ། ཏང་གི་འགོ་ཁྲིད་འོག་ལས་དོན་མཐའ་དག་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་འགན་ལེན་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བོད་ཀྱི་དམིགས་བསལ་འགལ་བར་སྟངས་འཛིན་ནན་པོ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕྲད་པའི་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་དང་། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། གཞི་རིམ་དང་། འཐབ་ཕྱོགས་དང་པོ། མང་ཚོགས་བཅས་ཀྱི་ཁྲོད་དུ་ཟབ་སྐྱོད། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་མཐའ་གཅིག་ཏུ་འཁུར་བ། མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་བཏང་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་འཛུགས་མངོན་གསལ་དོད་དུ་བཏང་སྟེ་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་བ།

རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འཛུགས་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་ནས་ཁྲིམས་སྲོལ་འཆར་ཟིན་ལ་ཆེད་དོན་ཞིབ་འཇུག་བྱས་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཁྲིམས་འཛུགས་ཀྱི་དུས་མཚམས་ཁག་ཏུ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ཐེངས་མང་གནང་ནས། ལས་ཕྱོད་ཆེ་ལ་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་འགན་ལེན་བརྟན་པོ་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཁྲིམས་སྲོལ་འཆར་ཟིན་འགོད་པ་དང་། རིགས་པས་ཁུངས་སྐྱེལ། གྲོས་ཞིབ་སོགས་ཀྱི་ལྷུ་ཚིགས་ཁག་གི་ལས་དོན་སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། དཔུང་གཤིབ་མཉམ་སྐྱོད་ཀྱིས་ཁྲིམས་འཛུགས་ལས་འགན་གྱི་དོན་འཁྱོལ་འགན་ལེན་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འཛུགས་ལོ་ཧྲིལ་པོའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་ཁྲིམས་འཛུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་པ་དང་། ཁྲིམས་འཛུགས་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ནས་གཙོ་ཁྲིད་དང་གཙོ་ཤུགས་ཀྱི་ནུས་པ་འདོན་སྤེལ་དང་། ཁྲིམས་འཛུཌ་ངེས་གནས་དང་དེ་བཞིན་གཙོ་གནད་ནང་དོན་དང་འགག་རྩའི་དོན་ཚན་ལ་བགྲོ་གླེང་གཏིང་ཟབ་བྱས་ཏེ་ཁྲིམས་འཛུགས་ལས་དོན་གྱི་འཕེལ་རིམ་དང་སྤུས་ཚད་དེ་བས་འགན་ལེན་ཡག་པོ་བྱས་ཡོད།

དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྒྱུར་བཅོས་ཀྱི་ཐབས་ཇུས་དང་ཁྲིམས་འཛུགས་ཀྱི་ཐབས་ཇུས་ཕན་ཚུན་གཅིག་གྱུར་དང་འབྲེལ་མཐུད་མཐའ་འཁྱོངས་བྱས་ཏེ། ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་དང་རང་འགུལ་ངང་འཚམ་པར་བྱས་ནས“སྡེབ་གཅིག་ལ་བཟོ་བཅོས་རྒྱག་པའི”བྱ་ཐབས་བརྒྱུད། ཚན་རིག་ལག་རྩལ་ཁྱབ་གདལ་གྱི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་བརྒྱབ་ཡོད། ལོ་གཅིག་རིང་། ཆུས་འཛུགས་མཁན་གྲོང་ཁྱེར་གྱིས་གོང་ཞུ་བྱས་པའི་ཁྲིམས་སྲོལ་དང་ཁྲིམས་སྲོལ་རང་བཞིན་གྱི་གཏན་འབེབས་ཁག་9ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་སྤྲད་ཡོད། 2019ལོ་ནི་རང་ལྗོངས་ཀྱིས་ཆུས་འཛུགས་མཁན་གྲོང་ཁྱེར་ལ་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་སྤྲད་ཚུན་དུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་སྲོལ་གྲོས་གཞིར་ཆོག་མཆན་མང་ཤོས་སྤྲད་པའི་ལོ་ཞིག་རེད།

“དོན་ཆེན་གསུམ”ལ་དམ་པོར་དམིགས་ནས་ལྟ་སྐུལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

ལོ་གཅིག་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་པ་དང་། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་མཐའ་འཁྱོངས་དང་། ལྟ་སྐུལ་ལས་དོན་སྤེལ་སྟངས་དང་ཐབས་ཤེས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་བཞིན་ལྟ་སྐུལ་དང་། ལྟ་སྐུལ་ཡང་དག ལྟ་སྐུལ་ནུས་ལྡན་བཅས་བྱས་ཡོད།

ནོར་དཔལ་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། 2019ལོ་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལག་བསྟར་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་གྲོས་ཞིབ་བྱས་པ་དང་། དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་བརྟག་ཞིབ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

དམངས་འཚོའི་བྱ་བ་དངོས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2019ལོར་དབུལ་པོ་དབུལ་རྐྱང་སེལ་བའི་རང་སྐྱོང་ལྗོངས་ཀྱི་ལས་ཀའི་དམིགས་ཚད་ལ་དམ་པོར་གཞིགས་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་དང་། “ཞིང་གསུམ”ལས་དོན་དང་ཞིང་འབྲོག་པའི་འབབ་འཕར་གནས་ཚུལ་ལ་བརྟག་ཞིབ་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་ཡོད། “ལས་ཞུགས་བརྟན་པོ་ཡོང་བའི”སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ལ་དམིགས་ནས་ལས་ཞུགས་སྐུལ་འདེད་ཀྱི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བར་དམིགས་ཏེ། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་གསན་པ་དང་གྲོས་ཞིབ་གནང་བ་དང་ཆབས་ཅིག་ཆེད་དོན་བློ་འདྲིའི་ལས་དོན་སྤེལ་ཡོད།

སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལོ་འཁོར་གྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་གྲུབ་ཀྱི་གནས་ཚུལ་སྙན་ཞུ་གསན་པ་དང་གྲོས་ཞིབ་གནང་བ་དང་། རྩྭ་ཐང་གི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས། བསྐྱར་སྐྱེས་ནུས་རྒྱུའི་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྒྲིག་འཛུགས་བྱས་པ་དང་། འབྲི་ཆུ་རྒྱུག་ཁུལ་གྱི་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་དོན་གཙོ་བོར་བྱས་ནས“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད—བོད་ཀྱི་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་དེ་བས་ལེགས་པར་བྱས་པ།

ལོ་གཅིག་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་ལས་དོན་དེ་གལ་ཆེའི་གཞི་རྩའི་རང་བཞིན་གྱི་ལས་དོན་ཞིག་ལ་མཐའ་འཁྱོངས་བྱས་ནས་འཐུས་མིའི་འགན་སྒྲུབ་ཞབས་ཞུ་དང་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“འབྲེལ་བ་གཉིས”ཀྱི་ལམ་ལུགས་ལག་བསྟར་ནུས་ལྡན་བྱས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་པའི་འཐུས་མིའི་བཞུགས་མོལ་བྱ་ཐབས་བཟོས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞུགས་མཁན་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བརྒྱ་ཙམ་དང་སྔ་རྗེས་སུ་བཞུགས་མོལ་ཐེངས་5བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། ཞིང་འབྲོག་པའི་འབབ་འཕར། འོས་འགན་སློབ་གསོ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་སོགས་ཀྱི་ལས་དོན་ལ་བཏོན་པའི་འཐུས་མི་ཚོའི་བསམ་འཆར་དང་གྲོས་འགོ་ཧུར་ཐག་ཉན་ཏེ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་གཞི་རིམ་གྱིས་གོང་ཞུ་བྱས་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་དང་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་སྐུལ་འདེད་བཏང་ཡོད། བོད་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེ་བཞིན་དམངས་འཚོའི་སྲིད་ཇུས་གལ་ཆེན་ལ་གཞིགས་ནས་གཅིག་སྡུད་གཟིགས་ཞིབ་དང་བརྟག་ཞིབ་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་དུ་གཟིགས་ཞིབ་ལ་ཕེབས་པར་སྣེ་ལེན་ཞུ་བར་གཞོགས་འདེགས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་ཐབས་དང་ཇུས་བཏོན་ཡོད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)