《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月03日

ཏིང་ཡེ་ཤན་གྱིས་གཙོ་གནད་དགོན་སྡེར་བརྟག་ཞིབ་གནང་སྐབས།

ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་དགོན་སྡེ་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ།

བསྟན་ཁོ་དང་པད་མ་དབང་འདུས་སོགས་མཉམ་དུ་བརྟག་ཞིབ་གནང་བར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་1ཉིན་གནས་ཚུལ་འབྱོར་གསལ། 2019ལོའི་ཟླ་12ཚེས་31ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་འབྲས་སྤུངས་དགོན་དང་། སེ་ར་དགོན། ར་མོ་ཆེ་གཙུག་ལག་ཁང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་གཙོ་གནད་དགོན་སྡེར་ཕེབས་ནས་ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་སློབ་སྦྱོང་སྤེལ་རེས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་མཉམ་དུ་བརྟག་ཞིབ་དང་འཚམས་འདྲི་གནང་བར་ཕེབས་པ་རེད།

ཏིང་ཡེ་ཤན་གྱིས“བློ་མཐུན་ཚོ་སྐུ་ལས་ཁག་སོང་། ལོ་གསར་པ་འཆར་ཉེའི་མཚམས་སུ་ཚང་མར་ལོ་གསར་བཀྲ་ཤིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ”ཞེས་དགོན་སྡེ་ཞིག་ཏུ་འབྱོར་རིམ་བཞིན་དགོན་སྡོད་ལས་དོན་ཚོགས་ཆུང་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། སྤྱི་བདེ་མི་དམངས་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་དཔོན་དམག མེ་ཟོན་མི་སྣ། དགོན་སྡེའི་དགེ་འདུན་པ་བཅས་ཀྱི་སར་ཕེབས་ནས་ཁོང་ཚོ་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་བྱམས་བརྩེའི་སྤེལ་རེས་གནང་བ་མ་ཟད། དཀར་གཙང་མཇལ་དར་བསྒྲོན་ནས་དུས་ཆེན་གྱི་སྨོན་འདུན་ཟབ་མོ་ཞུས་པ་རེད།

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་རེད། ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་དང་ལས་འགན་དཀའ་ཚེགས་ཆེ་བ་ཞིག་རེད། དགོན་སྡོད་མི་སྣ་ཁག་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་། བསམ་བློ་གཅིག་གྱུར་དང་ཚུགས་གནས་མཐོར་གཏོང་གིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང“ཚད་གཞི་བཞིར”བརྩི་སྲུང་ཏན་ཏིག་ཞུ་བ་དང་ཆོས་ལུགས་འཆམ་མཐུན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཏང་གི་ཆོས་ལུགས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཆོས་ལུགས་ལས་དོན་ལ་འཕྲད་པའི་དུས་བབ་ཀྱི་ལས་འགན་ངོས་འཛིན་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཆོས་ལུགས་ལས་དོན་དེ་བས་རང་འགུལ་ངང་ཏན་ཏིག་སྒྲུབ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“མོས་སེམས་ལྔ”སྔར་བས་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཐད་འདོན་དགོས་པའི་ནུས་པ་འདོན་སྤེལ་དང་དགོན་སྡེ་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་འདོན་དགོས་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཆོས་ལུགས་དང་ཆོས་ལུགས་ལས་ཀའི་ཆོས་ཉིད་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ཀྱི་ཆོས་ཉིད་སྟངས་འཛིན་ཡང་དག་བྱས་ནས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་རང་འགུལ་ངང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱེད་དགོས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་སྟངས་འཛིན་ཡང་དག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ལག་བསྟར་བྱས་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་གྱི་བསམ་བློའི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་སྒྲིལ་ཡོང་བར་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཁྲིམས་ལྟར་དོ་དམ་ལ་ཤུགས་སྣོན་རྒྱག་པ་མ་ཟད། ཞབས་འདེགས་ལེགས་པར་ཞུ་བ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་སེམས་ཁྲལ་སེལ་རོགས་བྱས་ཏེ་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས།

རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་རིམ་པའི་འགོ་ཁྲིད་ཞུས་ཞུའེ་ཀོང་དང་། མོང་ཞའོ་ལིན། ལིའུ་ཝུའེ་བཅས་འབྲེལ་ཡོད་བྱེད་སྒོར་མཉམ་དུ་ཞུགས་པ་རེད།