《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

དངོས་འབྲེལ་སྦྱོང་བ་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་བེད་སྤྱོད་བྱས་པ།

འབྲོང་པ་རྫོང་གི་ཕོ་གསར་དབྱིན་ལི་པིང་གིས“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ལས་སྟེཌ་ཀྱི“འགྲན་སློང་ལན་འདེབས”ནང་དྲི་བ་1230ལ་རྒྱུན་མཐུད་ལན་འདེབས་ཐུབ་པ།

“ལན་བརྒྱབ་ཚར་སོང་། ད་ཐེངས་དྲི་བ་1230ལ་ལན་འདེབས་ཐུབ་སོང་། གྱོང་པོ་བྱུང་། ཁྱེད་ཀྱིས་དྲི་བ་ཚང་མར་ལན་འདེབས་ཐུབ་སོང”ཞེས་པའི་ཡི་གེ་ལག་ཐོགས་ཁ་པར་ནས་ཤར་བ་དང་སྦྲགས། འབྲོང་པ་རྫོང་ནག་ཆུ་ཤང་གི་གཞི་རིམ་གཞུང་ལས་པ་དབྱིན་ལི་པིང་གིས་སླར་ཡང“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”APPཡི“འགྲན་སློང་ལན་འདེབས”ཀྱི་དྲི་བ་ཆ་ཚང་ལ་ལན་འདེབས་ཐུབ་པ་རེད། 2017ལོར་དབྱིན་ལི་པིང་བོད་དུ་ཡོང་ནས“འབྲོང་གི་ཕ་ཡུལ”ཞེས་འབོད་པའི་འབྲོང་པ་རྫོང་དུ་ཕྱིན་ཞིང་། གཞི་རིམ་དུ་གཞི་བཙུགས་ཏེ་ལང་ཚོ་སྐྱེས་སུ་ཕུལ་བ་རེད།

2019ལོའི་ཟླ་4པའི་ཟླ་དཀྱིལ་དུ“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས་འབྲོང་པ་རྫོང་དུ་རྒྱ་ཁྱབ་ངང་བེད་སྤྱོད་བྱེད་འགོ་ཚུགས་མ་ཐག འཕྲལ་མར་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱུན་གཏན་སློབ་སྦྱོང་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉིན་ལྟར་ལས་ཞོར་གྱི་སྐབས་སུ་དབྱིན་ལི་པིང་གིས“འགྲན་སློང་ལན་འདེབས”བྱེད་པ་དང་། ད་དུང་ལས་རོགས་གཞན་གྱིས་ཀྱང་མཉམ་དུ་སློབ་སྦྱོང་དང་དྲི་བར་ལན་འདེབས་རྒྱུའི་སྣེ་ཁྲིད་བྱེད་ཀྱི་ཡོད་པས་འགྲན་སློབ་བསྙེགས་བརྒལ་གྱི་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཆགས་ཡོད།

“འགྲན་སློང་ལན་འདེབས”ནང་དབྱིན་ལི་པིང་གིས་དང་ཐོག་མར་དྲི་བ་49ལ་རྒྱུན་མཐུད་ངང་ལན་འདེབས་ཐུབ་པ་དང་། དེ་རྗེས་དྲི་བ་1065དང་། 1078 1081བཅས་རིམ་བཞིན་མང་དུ་ཕྱིན་ཞིང་། མཐར་དྲི་བ་1230ལ་ལན་འདེབས་ཐུབ་ནས་ཟིན་ཐོ་གསར་པ་བཏོད་ཡོད། གསར་འགོད་པས་ཁོང་ལ“འགག་སྒྲོལ་གསང་ཐབས”སྐོར་སྐད་ཆ་འདྲི་སྐབས། དབྱིན་ལི་པིང་གིས་དགོད་འཚེར་འཚེར་ངང“དེ་ནི་དངོས་འབྲེལ་སྦྱོང་བ་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་བེད་སྤྱོད་བཅས་ཐུབ་པས་ཡིན”ཞེས་བརྗོད་པ་རེད།

དབྱིན་ལི་པིང་གི་ངོས་ནས་བརྗོད་ན་སློབ་སྦྱོང་གི་དམིགས་ཡུལ་ནི་ལག་ལེན་ཐོག་འཁྱོལ་རྒྱུ་དེ་རེད། ཁོང་གིས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་དང་། ཉམས་མྱོང་ཕྱོགས་སྡོམ། རང་འགུལ་ངང་ལག་ལེན་བཅས་བྱས་ནས་ཤེས་རྟོགས་ཐུབ་པའི་བསམ་བློ་གསར་པ་དང་། བྱ་ཐབས་གསར་པ། ཉམས་མྱོང་གསར་པ་བཅས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འགྱུར་བར་བྱས་ཐོག རྒྱུན་གཏན་གྱི་འཚོ་བ་དང་ལས་ཀའི་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ནས་དངོས་འབྲེལ་སྦྱངས་པ་གོ་ཆོད་ཐུབ་པར་བྱེད་ཀྱི་ཡོད།