《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

ཆུས་རྫོང་མཐུན་འབྲེལ་ཡུལ་སྐྱོར་མཐུན་ཚོཌ་བོད་ལྗོངས་ཡན་ལག་མཐུན་ཚོཌ་ཀྱིས།

ཕ་ཡུལ་གཅིག་པ་བ་59ཕ་ཡུལ་དུ་ལོག་པར་རོགས་རམ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚོང་ཚོགས་ཀྱི་གཞི་རྩའི་འགན་ནུས་འདོན་སྤེལ་བྱ་ཆེད། ཉིན་ཤས་གོང་། ཆུས་རྫོང་སྤྱི་ཁྱབ་ཚོང་ཚོགས་དང་ཆུས་རྫོང་མཐུན་འབྲེལ་ཡུལ་སྐྱོར་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་ཞིང་པ་ལས་མི་ཕྱིར་ལོག་གི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ། མཚོ་བོད་ལྕགས་ལམ་ཀུང་སིའི་ལྷ་ས་བབས་ཚུགས་དང་གྲོས་མོལ་བྱས་པ་བརྒྱུད། མེ་འཁོར་ཐེངས་གྲངས་Z224ཡི་འབོལ་ཁྲིའི་འཁོར་སྒྲོམ་གཅིག་གླས་པ་དང་སྦྲགས། ཐེམ་ཁོངས་ཆུས་རྫོང་ནས་ཡིན་པའི་ཞིང་པ་ལས་མི་59ལ་མེ་འཁོར་སྤ་སེ་གཅིག་སྡུད་ཐོག་ཉོས་ཏེ་ཁོང་ཚོ་ཕ་ཡུལ་དུ་ལོག་པར་རོགས་རམ་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཆུས་རྫོང་སྤྱི་ཁྱབ་ཚོང་ཚོགས་དང་ཆུས་རྫོང་མཐུན་འབྲེལ་ཡུལ་སྐྱོར་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་ཐང་མིང་སུང་གིས་ལོ་གསར་ཤར་གྲབས་ཡོད་པས། ཞིང་པ་ལས་མི་ཕ་ཡུལ་དུ་ལོག་པའི་མེ་འཁོར་སྤ་སེ་དཀོན་པ་དང་གནམ་གྲུ་སྤ་སེའི་རིན་གོང་མཐོ་བར་བརྟེན། དམངས་ཁྲོད་ཀྱི་རྩ་འཛུགས་ཤིག་ཡིན་པའི་ང་ཚོའི་ཚོང་ཚོགས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་འདི་སྤེལ་བ་ཡིན། དེའི་དམིགས་ཡུལ་ནི་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་པའི་གནད་དོན་ཐག་གཅོད་བྱ་ཆེད་ཡིན། ཞིང་པ་ལས་མི་ཚོ་ནན་ཁྲུང་བབས་ཚུགས་བྱང་མར་འབྱོར་རྗེས་ཆུས་རྫོང་སྲིད་གཞུང་གིས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་བཏང་ནས་ཁོང་ཚོ་བསུ་རྒྱུ་རེད། ང་ཚོས་ད་དུང་སང་ལོར་ཞིང་པ་ལས་མིར་དགའ་ཉེ་སྤུན་མཆེད་ཐུག་འཕྲད་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་རྩིས་ཡོད་ཅེས་བཤད།

ལྷ་སར་སྔོ་ཚལ་སྡེབ་ཚོང་བརྒྱབ་ནས་ལོ་10སོང་བའི་ཆུས་རྫོང་ནས་ཡིན་པའི་ཝང་ཕིང་ཆུས་ཀྱིས“ཆུས་རྫོང་སྲིད་གཞུང་དང་ཚོང་ཚོགས་ཀྱིས་ང་ཚོ་ཞིང་པ་ལས་མི་སེམས་ནང་བཞག་འདུག་པས། ཧ་ཅང་དགའ་པོ་བྱུང་ལ་སེམས་འགུལ་ཡང་ཚད་མེད་ཐེབས་བྱུང་། ད་རེས་ནང་མི་ཚོར་ཚགས་ཤ་དང་གུར་ཀུམ་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཁྱེར་ཡོད། ཁོང་ཚོ་བོད་ཀྱི་ཐོན་རྫས་ཀྱི་བྲོ་བ་མྱོང་དུ་འཇུག་གི་ཡིན། ལོ་གསར་ཚར་རྗེས་བོད་དུ་ལོག་ཡོང་ནས་བོད་ཀྱི་ལོ་གསར་ཡང་གཏོང་རྩིས་ཡོད”ཅེས་བཤད།

(ཚེ་ལྷས་བསྒྱུར། སྤེན་ཚེས་ཞུས)