《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月02日

བཞད་མཐོང་སྨོན་རྫོང་གིས་བྱེད་ཐབས་སྣ་མང་བཏོན་ནས།

ལྷ་མོའི་དཔུང་ཁག་སྟོབས་ཆེར་བཏང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། དམངས་ཁྲོད་ཀྱི་ལྷ་མོ་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ་ལྷ་མོའི་དཔུང་ཁག་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ལྷ་མོ་འཁྲབ་སྟོན་གྱི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད། 2019ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི“ལྷ་མོའི་ཕ་ཡུལ”ཞེས་སུ་གྲགས་པའི་བཞད་མཐོང་སྨོན་རྫོང་གིས་ལྷ་མོ་རུ་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་འཁྲབ་སྟོན་ཐེངས་མང་བྱས་ནས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་ཁྲོད་ཀྱི་ལྷ་མོ་རུ་ཁག་གི་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་བྱས་པ་རེད།

དམངས་ཁྲོད་ལྷ་མོ་སྲུང་སྐྱོང་དང་གསོ་སྦྱོང་བྱས་ཏེ་རུ་མིའི་གཞི་རྩའི་བྱང་ཚད་མཐོ་རུ་བཏང་ཞིང་། 2019ལོའི་ཟླ་3པར། བཞད་མཐོང་སྨོན་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་རྟ་ནག་མདའ་ཤང་རི་ཁུད་གྲོང་ཚོའི་ལྷ་མོ་རུ་ཁག་དང་རུང་མ་ཤང་གཞུང་གྲོང་ཚོའི་ལྷ་མོ་རུ་ཁག་སོགས་དམངས་ཁྲོད་ལྷ་མོ་རུ་ཁག་5དང་ལྷ་མོ་འཁྲབ་སྟོན་པ་112སྒྲིག་འཛུགས་ཀྱིས་དུས་ཡུན་ཉིན་10ཡི་དམངས་ཁྲོད་ལྷ་མོ་རྒྱུན་འཛིན་སྲུང་སྐྱོང་གི་གསོ་སྦྱོང་བྱས་ཏེ། དམངས་ཁྲོད་ལྷ་མོ་རུ་ཁག་གི་ཚད་ལྡན་དོ་དམ་དང་གོ་རིམ་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ལྷ་མོ་འཁྲབ་སྟོན་ཤུགས་ཆེན་བྱས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཞིང་། 2019ལོའི་ཟླ་6ཚེས་8ཉིན་གྱི་རྒྱལ་ཡོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོའི་རིང་། བཞད་མཐོང་སྨོན་རྫོང་གིས་དམངས་ཁྲོད་ལྷ་མོ་རུ་ཁག་3སྒྲིག་འཛུགས་བྱས་ཏེ་མང་ཚོགས་ལ་ལྷ་མོ་འཁྲབ་སྟོན་བྱས་ཏེ་ཕུན་སུམ་ཚོགས་པའི་བསམ་བློའི་རིག་གནས་ཀྱི་རྒྱགས་ཕྱེ་མཁོ་འདོན་བྱས་པ་དང་དུས་མཚུངས། ལྷ་མོའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།