《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

ཆུ་མོ་དྭངས་ཤིང་ཤང་ཤང་དུ་རྒྱུག་པ་དང་མཚོ་ངོགས་སྔོ་ལྗང་གིས་བརྒྱན་པའི་མཛེས་ལྗོངས་བཏོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་རང་ལྗོངས་ཀྱིས་ཁྲིམས་དང་མ་མཐུན་པའི་ངང་ཆུ་མོའི་གཞུང་དང་མཚོ་ངོགས་ཀྱི་ལམ་ཐིག་སྤྱི་ལེ་42.44བཟུང་བ་དང་། ཁྲིམས་དང་མ་མཐུན་པའི་ངང་བྱེ་རྡོ་སྔོག་འདོན་བྱེད་ས་ 41 ཁྲིམས་དང་མ་མཐུན་པའི་ངང་བྱེ་རྡོ་རྨི་རྒྱ་དཔངས་གྲུ་བཞི་ཁྲི་481.89 འཛུགས་སྐྲུན་དང་འཚོ་བའི་གད་སྙིགས་ཏུན་23999 ཁྲིམས་འགལ་གྱི་སྐྲུན་དངོས་གཞི་ཁྱོན་སྨི་ངོས་གྲུ་8415 བཤིག་པ་རགས་སྐོར་སྤྱི་ལེ་5.6བཅས་མེད་པར་བཟོས་པས། ཆུ་བོ་དང་མཚོ་ཡི“བཙོག་ཟིང་བཞི་གཙང་སེལ”གྱི་ཆེད་དོན་བྱ་སྤྱོད་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ཆུ་བོ་དང་མཚོ་ཡི“བཙོག་ཟིང་བཞི་གཙང་སེལ”གྱི་ཆེད་དོན་བྱ་སྤྱོད་དེ་མཚོ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་མིང་ཐོག་ནས་བྱ་སྤྱོད་དངོས་སུ་འགྱུར་བའི་དམ་འཛིན་བྱ་གཞི་དང་པོར་བརྩིས་ཏེ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལོ་གསུམ་གྱི་བཅོས་སྒྲིག་བྱ་སྤྱོད་འཆར་གཞི་དང་ཟུང་འབྲེལ་གྱིས་སྤྱི་འདོམས་སྐུལ་འདེད་བཏང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱས་པ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་གིས་རྫོང(ཆུས)ཚན་པར་བྱས་ཏེ་ཡོངས་ཁྱབ་རྣམ་པའི་གྲལ་བཤེར་བྱས་ཤིང་། ཕྱོགས་ཡོངས་ནས་བརྟག་དཔྱད་མཐིལ་རྟོགས་ཞིབ་ཚགས་དང་ཆུ་བོ་དང་མཚོའི“བཙོག་ཟིང་བཞིའི”གནད་དོན་ཕྱོགས་ཡོངས་ནས་གཙང་བཤེར་བྱས་པ་དང་། གནད་དོན་དང་དེ་བཞིན་དག་ཐེར་གྱི་རྩིས་ཐོ་བཟོས་པ། རྩིས་ཐོ་དང་ཞིབ་བསྡུར་གྱིས་གཅིག་སྡུད་བཅོས་སྒྲིག་བྱས་པ། གནད་དོན་བཅོས་སྒྲིག་ཚར་རིམ་བཞིན་ཐོ་ཁུངས་ནས་བསུབས་ཡོད། ཟླ་11པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱིས་རྩིས་ཐོར་འཁོད་པའི“བཙོག་ཟིང་བཞིའི”གནད་དོན་ཁྱོན་555གྲལ་བཤེར་ཐུབ་པ་དེ་དག་དག་ཐེར་བྱས་ཏེ་ཐོ་ཁུངས་ནས་བསུབས་པས་དག་ཐེར་བྱེད་ཚད་100%ཟིན་པ་དང་། རྩིས་ཐོར་མ་འཁོད་པའི“བཙོག་ཟིང་བཞིའི”གནད་དོན་ཁྱོན་771གྲལ་བཤེར་ཐུབ་པའི་ཁྲོད་ནས་གནད་དོན་768ལ་དག་ཐེར་བྱས་ཏེ་ཐོ་ཁུངས་ནས་བསུབས་པས་དག་ཐེར་བྱེད་ཚད་99%ཟིན་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། རིག་རྡོར་གྱིས་ཞུས)