《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

ཉིང་ཞའི་མྱུར་བགྲོད་ལྕགས་ལམ་ཐོག་མ་ཤར་གཏོང་ཐུབ་པ།

↑ ཟླ་12ཚེས་29ཉིན་ཉིང་ཞའི་དབྱིན་ཁྲོན་ནས་ཀྲུང་ཝུའེ་དུམ་བུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་སྟེ་སྐྱེལ་འདྲེན་བྱེད་འགོ་ཚུགས་ཤིང་། ཉིན་དེ་ནས་བཟུང་ཉིང་ཞར་མྱུར་བགྲོད་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དབྱིན་ཀྲུང་མྱུར་བགྲོད་ལྕགས་ལམ་གྱི་རིང་ཚད་ལ་ཁྱོན་སྤྱི་ལེ་207ཡོད་པ་དང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་250ཟིན་པ། ལམ་ཧྲིལ་པོར་དབྱིན་ཁྲོན་དང་། ཧོ་ཏུང་གནམ་ཐང་། ལིང་ཝུའུ་འབབ་ཚུགས་བྱང་མ། ཝུའུ་ཀྲུང་། ཧུང་སི་པའོ་འབབ་ཚུགས་བྱང་མ། ཀྲུང་ཉིང་འབབ་ཚུགས་ཤར་མ། ཀྲུང་ཝུའེ་འབབ་ཚུགས་ལྷོ་མ་བཅས་འབབ་ཚུགས་7ཡོད། དབྱིན་ཁྲོན་ནས་ཀྲུང་ཝུའེ་བར་དུ་ཤུགས་འགྲེམས་མེ་འཁོར་ལ་བསྡད་ན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལས་འགོར་གྱི་མེད་པས་མེ་འཁོར་གཞན་ལས་ཆུ་ཚོད་གཅིག་ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད། འདི་ནི་ཉེ་ཆར་དབྱིན་ཁྲོན་འབབ་ཚུགས་ནས་ཀྲུང་ཝུའེ་འབབ་ཚུགས་ལྷོ་མར་སྐྱོད་པའི་མེ་འཁོར་གཏོང་གྲངས་C8201ནང་གི་འགྲུལ་པ་ཡིན་པ།