《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

གཟའ་འཁོར་འདིའི་གནམ་གཤིས།

གཟའ་པ་སངས་ཉིན་ནས་རང་ལྗོངས་ཀྱི་ས་ཆ་ཕལ་ཆེ་བར་ཆར་ཆུ་འབབ་ཚད་ཅུང་མངོན་གསལ་དོད་པ་དང་དྲོད་ཚད་འཕར་ཆག་ཆེ་བ།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་12ཚེས་29ཉིན་ནས་2020ལོའི་ཟླ་1ཚེས་5ཉིན་བར)

གཟའ་མིག་དམར་ནས་གཟའ་ཕུར་བུ་བར། མངའ་རིས་ཀྱི་ལྷོ་ནུབ་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ཉིང་ཁྲི་བཅས་ལ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

གཟའ་པ་སངས་དང་གཟའ་སྤེན་པར། མངའ་རིས་དང་། གཞིས་རྩེའི་ལྷོ་ནུབ་རྒྱུད། ཉིང་ཁྲི་བཅས་ལ་གངས་སམ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་བབ་མཐོ་སའི་རི་ཁུལ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ།

གཟའ་ཉི་མར། ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་བཅས་ལ་གངས་སམ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་བབ་མཐོ་སའི་རི་ཁུལ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ། ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་ལ་གངས་ཆུང་བ་འབབ་རྒྱུ་དང་ས་གནས་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། མངའ་རིས་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

གཟའ་འཁོར་འདིར་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དུ་ཐོལ་རླུང་རིམ་པ་4ནས་5བར་རྒྱག་རྒྱུ།

གཉིས། གྲོས་འགོ།

1 གཟའ་འཁོར་འདིར་གནམ་འཐིབས་ནས་གངས་སམ་ཆར་པ་འབབ་ཚད་ཅུང་མང་བས། ས་བབ་མཐོ་སའི་ལམ་དུམ་དུ་གངས་གསོག་དང་འཁྱག་པ་ཐེབས་ནས་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།

2 དྲོད་ཚད་བསྟུད་མར་ཆག་པས་དྲོ་ཇུས་ལ་དོ་སྣང་བྱས་ཏེ་གྲོང་ཁྱེར་གྱི་མདོང་ལམ་ལ་འཁྱག་པ་མི་ཐེབས་པ་བྱེད་དགོས།