《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

དངུལ་བུན་གཡར་ནས་ཞིང་འབྲོག་པ་ཕྱུག་པོའི་ལམ་དུ་ཁྲིད།

འདི་ལོ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་དབུལ་པོ་དབུལ་རྐྱང་སེལ་བའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་ཞིང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། དངུལ་རྩའི་དབུལ་སྐྱོར་ཁྱབ་ཁོངས་ཐད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་དང་ཐོན་ལས་དབུལ་སྐྱོར་གསར་སྤེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བློ་གཅིག་སེམས་གཅིག་གིས་དབུལ་སྒྲོལ་ལ་རམ་འདེགས་བྱས་པར། རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཅིང་། འདི་ནི་ཞིང་ལས་དངུལ་ཁང་སྣེ་གདོང་ཁྲ་འབྲུག་ལས་གཉེར་ཁང་གི་ལས་མི་སྐལ་བཟང་ནོར་བུས་མང་ཚོགས་ལ་དངུལ་བུན་གྱི་འགྲོ་ལུགས་གཉེར་བཞིན་པ།