《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་“སྐྲན་ནད་གཉིས”ཀྱི་རོགས་སྐྱོབ་མ་དངུལ་སྤྲད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། བུད་མེད་ཀྱི་བདེ་ཐང་ལ་སྔར་བས་དོ་ཁུར་བྱེད་པ་དང་ནད་གཞི་ཕོག་པའི་བུད་མེད་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བྱ་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲེང་ཀོན་ཆུས་སྲིད་གཞུང་དུ་དཀའ་ངལ་ཡོད་པའི་སྐྱེད་མར“སྐྲན་ནད་གཉིས”ཀྱི་རོགས་སྐྱོབ་མ་དངུལ་སྤྲོད་པའི་མཛད་སྒོ་གཉེར་བ་རེད།

རོགས་སྐྱོབ་མ་དངུལ་སྤྲོད་པའི་མཛད་སྒོའི་ཐོག་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྐྲན་ནད་གཉིས”ཕོག་པའི་ནད་པ་བཞིར་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གནང་བའི་སྒོར་ཁྲི་བཞི་ཡི་རོགས་སྐྱོབ་མ་དངུལ་སྤྲད་པ་རེད། ནད་པ་དང་དེ་བཞིན་ཁོང་ཚོའི་ནང་མིས་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་དེ་བཞིན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དོ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྐྲན་ནད་གཉིས”ཕོག་པའི་དཀའ་ངལ་ཡོད་པའི་བུད་མེད་16ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་16སྤྲད་ནས་ནད་པའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་སེལ་རོགས་བྱས་པ་རེད།